ཨ་རི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པར་སྐྱོན་བརྗོད་ནན་པོ་གནང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

སང་ཕྱི་ཟླ་ ༧ པའི་ ༡ ཉིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་ཀྱི་ལས་གཞི་ཁྲིམས་མཐུན་བཟོས་པའི་ཁྲིམས་གསར་པ་འདི་ལག་ལེན་བསྟར་གཏན་ཁེལ་བ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཆེད་འདོན་གནང་བ་མ་ཟད། གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་འཐུས་མི་སྒེར། དེ་བཞིན་ཡུ་རོབ་ Baltic རྒྱལ་ཁབ་གསུམ་དང་ Italy དེ་བཞིན་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་གསར་འགོད་བསྒྲགས་གཏམ་དང་སྒེར་གྱི་བརྙན་ཐུང་བརྡ་ལན་བཅས་ཀྱི་བརྒྱུད་ནས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་དང་འབྲེལ་ནས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ནན་པོ་གནང་འདུག

དེ་ཡང་ཕྱི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གུ་ཡངས་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ Jim Banks ལགས་དང་ John Curtis ལགས་གཉིས་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Jeff Merkley ལགས་དང་ Jacky Rosen ལགས་བཅས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་པོས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་འཆར་ཞིག་ཆེད་འདོན་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེ་བཞིན་བཙན་དབང་གིས་མི་རིགས་མཉམ་བསྲེས་གཏོང་རྒྱུའི་ལག་ཆ་ཞིག་ཡིན་སྐོར་དང་། ཁྲིམས་འདིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ལོ་རྒྱུས་ཀྱི་ངོ་བོར་བརྩི་མེད་ཀྱིས། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་དང་ཆོས་དད། སྐད་ཡིག་བཀོལ་སྤྱོད་དང་རིག་གཞུང་གིས་རྣམ་འགྱུར་སྤྱི་རིགས་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་པར་སེམས་འཚབ། ལྷག་པར་དུ་ཁྲིམས་འདིའི་འོག་ནས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་འགུལ་ཤུགས་ཆེ་རུ་སྤེལ་ངེས་ཡིན་པ་ལྟར་ཁྲིམས་འདིའི་རྒྱ་ནག་ནང་ལོག་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱིས་གནས་བབ་ལ་ཡང་དོ་ཕོག་གཏང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། རྒྱ་ནག་གཞུང་ལ་ཁྲིམས་གསར་པ་དེ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་འགལ་བའི་ཁྲིམས་མཐའ་དག་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག

གྲོས་ཆོད་ཆེད་འདོན་གནང་མཁན་གྲོས་ཚོགས་འཐུས་མི་ Jacky Rosen ལགས་དང་ John Curtis, Jim Banks, Jeff Merkley ལགས་བཅས་ཀྱི་སྐབས་དེར་རྒྱ་ནག་གཞུང་གིས་དུས་རྒྱུན་ནས་བོད་མི་དང་ཡུ་གུར། ནང་སོག་གཙོས་པའི་གྲངས་ཉུང་མི་རིགས་ཀྱིས་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་བསམ་ཡུལ་ལས་འདས་པའི་བྱ་འགུལ་སྤེལ་བཞིན་པའི་ཐོག་ཁྲིམས་གསར་པ་དེས་རྒྱ་ནག་ཙམ་མ་ཟད། རྒྱ་ནག་ཕྱི་ཕྱོགས་ཀྱིས་མང་ཚོགས་ཐོག་ལ་ཡང་ཉེན་ཁ་བཟོ་ཡི་ཡོད་སྐོར་དང་འབྲེལ། ཁྲིམས་འདིའི་ནང་གསལ་རྒྱ་ནག་གཞུང་གིས་ཨ་རིའི་ས་ཐོག་ཏུ་ཡོད་པའི་མི་སེར་ལ་གནོན་ཤུགས་དང་སུན་གཙེར་བཟོ་བ། འདི་ཡིས་ཨ་རིའི་བདག་དབང་ལ་རྡོག་རོལ་ཞིག་ཆགས་ཀྱི་ཡོད་པའི་ཉེན་བརྡ་བཏང་བའི་བརྒྱུད། ཨ་རིའི་གཞུང་ལ་རྒྱ་ནག་གི་བཙན་གནོན་འོག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་མུ་མཐུད་གནང་དགོས་པ་དང་། ལྷག་པར་དུ་ཨ་རིའི་ནང་ཡོད་པ་རྣམས་ལ་ཕྱིའི་གནོན་ཤུགས་ནས་སྲུང་སྐྱོབ་གནང་དགོས་པ་གསུངས་པ་མ་ཟད། ཨ་རི་དེ་བཞིན་རང་དབང་རྒྱལ་ཁབ་རྣམས་ཀྱིས་འགོ་ཁྲིད་ཡིན་པའི་ཆ་ནས་གཉའ་གནོན་འོག་ཡོད་པ་རྣམས་ཀྱི་ལྷན་དུ་བཞེངས་རྒྱུ་དང་རྒྱ་ནག་དམར་ཤོག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་ཁ་བཀག་རྒྱུ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བརྒྱུད་རྒྱལ་ཁབ་གཞན་གྱི་གནས་བབ་དོ་ཕོག་གཏོང་རྒྱུའི་བྱ་སྤྱོད་རྣམས་ལ་ངོས་ལེན་རྩ་བ་ནས་མེད་པ་གསལ་པོ་བཟོས་དགོས་པ་སོགས་གསུངས་འདུག

དེའི་བར་ན་ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲྭ་གནས་ཐོག རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྡུག་རྩུབ་དང་དངངས་སྐྲག་གི་དྲག་པོའི་འཕེལ་རིམ་ཞིག་ཡིན་པ་དང་། ཁྲིམས་དེའི་བརྒྱུད་ནས་རྒྱ་ནག་ཕྱི་ཕྱོགས་ལ་ཡོད་པའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་སྡིགས་ར་དང་སུན་གཙེར་མུ་མཐུད་བྱེད་རྒྱུའི་འཆར་གཞི་སྒྲིག་བཞིན་པ་མ་ཟད། རྒྱ་གཞུང་གིས་ཁྲིམས་དེ་བོད་མི་དང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་མུ་མཐུད་སྤེལ་རྒྱུ་མ་ཟད། དྲག་གནོན་དེ་དག་ཁྲིམས་མཐུན་བཟོ་རྒྱུར་བེད་སྤྱོད་གཏང་ངེས་ཡིན་པ་གསུངས་འདུག

ལྷག་པར་དུ་ John Moolenaar ལགས་ཀྱིས་ཨ་རིའི་ངོས་ནས་བདུན་ཕྲག་འདིའི་ནང་རྒྱལ་ཁབ་རང་བཙན་ཐོབ་ནས་ལོ་ ༢༥༠ འཁོར་བ་སྲུང་བརྩི་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་མེད་པ་བསྐྱར་ནན་དང་སྦྲགས་ནས་གོམ་པ་རྒྱབ་ལ་སྤོ་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་བསྐྲུན་ཐབས་བྱེད་བཞིན་པའི་རྒྱལ་ཁབ་གཅིག་སྒྲིལ་འདི་བཞིན་དྲག་གནོན་གྱི་ཐོག་ནས་མ་ཡིན་པར་། མི་སེར་རྣམས་ལ་ཆོས་དད་དང་འཚོ་བའི་རང་དབང་གི་ཐོག་ནས་བསྐྲུན་ཐུབ་རྒྱུ་ཡིན་པ་གསུངས་འདུག

ཕྱོགས་མཚུངས་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ Lindsey O. Graham ལགས་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Sheldon Whitehouse ལགས་གཉིས་ཀྱི་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་པ་ Xie Feng གི་མིང་ཐོག་ལ་ཕྱག་བྲིས་ཤིག་བཏང་བའི་བརྒྱུད། རྒྱ་ནག་གི་ཁྲིམས་གསར་པ་དེས་བོད་མི་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་མི་རིགས་ཀྱི་ངོ་བོ་དང་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེད་འདོན་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་ཡུ་རོབ་གྲོས་ཚོགས་དང་ལྷན་དུ་བཞེངས་ཏེ་རྒྱ་ནག་གི་ཁྲིམས་གསར་པ་དེར་སྐྱོན་བརྗོད་དང་སྦྲགས། ཁྲིམས་གསར་པ་དེས་གྲངས་ཉུང་མི་རིགས་རྣམས་དང་རྒྱ་ནག་ཕྱི་ཕྱོགས་ཀྱི་མང་ཚོགས་ལ་གནོད་འཚེ་ཇི་ཙམ་བཟོ་མིན་ཐད་དོ་སྣང་ཆེན་པོ་གནང་རྒྱུ་ཡིན་པ་གསུངས་འདུག

ཕྱོགས་མཚུངས་ཁ་ཉིན་ Estonia དང་ Latvia, Lithuania བཅས་ Baltic རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཁྲིམས་གསར་པ་དེའི་མིང་བྱང་གྲ་ཆགས་པོ་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་ཁྲིམས་འདིས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ལ་ཆོས་དང་རིག་གཞུང་། བསམ་བློ་བཏང་ཕྱོགས་གང་སྤྱིའི་ཐད་ནས་རྒྱ་ནག་ཧན་མི་རིགས་དང་གཅིག་བསྒྱུར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་ཐེར་འདོན་དང་སྦྲགས་ཡུ་རོབ་རྒྱལ་ཁབ་ཁྱོན་ནས་རྒྱ་ནག་གི་ཁྲིམས་གསར་པ་དེར་ངོས་ལེན་བྱེད་རྒྱུ་མེད་པ་དང་སྐྱོན་བརྗོད་བྱེད་དགོས་པའི་ཞུ་འབོད་གནང་འདུག

མ་ཟད་དེ་རིང་ཡུ་རོབ་རྒྱལ་ཁབ་ Italy ཡི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་གྲོས་ཚོགས་འཐུས་མི་ ༤ དང་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་འཐུས་མི་ ༣ གྱིས་སྒེར་གྱི་བརྙན་ཐུང་འདོན་སྤེལ་བརྒྱུད་རྒྱ་ནག་གི་སང་ཉིན་ནས་ལག་བསྟར་བྱེད་ལ་རན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་བཙན་དབང་གི་མི་རིགས་མཉམ་བསྲེས་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོག་ཐབས་ཀྱི་ཁྲིམས་གསར་པ་དེར་སྐྱོན་བརྗོད་ནན་པོ་གནང་འདུག

དེའི་བར་ན་འདི་ཚེས་ ༢༧ ཉིན་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག རྒྱལ་སྤྱིའི་ཁྲོད་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༥༡ ནས་ཡོངས་ཁྱབ་ཕྱག་བྲིས་ཤིག་སྤེལ་བའི་བརྒྱུད་རྒྱ་ནག་གི་ཁྲིམས་གསར་པ་འདི་ནི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་ངོ་བོ། དེ་བཞིན་བོད་མིའི་མ་འོངས་གནས་བབ་ལ་ཐད་ཀར་རྒོལ་རྡུང་ཡིན་པ་ཐེར་འདོན་དང་སྦྲགས་ནས། ཡུ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་ལ་རྒྱ་ནག་གི་མི་རིགས་མཉམ་བསྲེས་ལ་དམིགས་པའི་ཁྲིམས་གསར་པ་དེར་དགག་པ་རྒྱག་དགོས་པའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།