ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱི་པར་རིས་འགྲེམས་སྟོན་གནང་བཞིན་པ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

དེ་རིང་ནས་ཕྱི་ཚེས་ ༣ བར་དུ་ Oslo Freedom Forum ཞེས་ཨོ་སི་ལོའི་རང་དབང་གླེང་སྟེགས་འཚོག་བཞིན་ཡོད་པ་དང་སྦྲགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེང་གེ་ལགས་གཙོས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་ཚེ་ལྷ་རྫོགས་བཟང་ལགས་བཅས་ནས་ཨོ་སི་ལོའི་རང་དབང་གླེང་སྟེགས་ཀྱི་ཚོགས་འདུར་ཞུགས་རྒྱུ་མ་ཟད། གླེང་སྟེགས་ཐོག་དེང་དུས་བོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་ལགས་ཀྱི་པར་རིས་ཁག་བཤམ་སྟོན་གནང་བཞིན་འདུག

པར་དབང་། osloff

འདི་ལོ་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ནང་འཚོག་བཞིན་པའི་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་བ་དང་ལས་འགུལ་བ། གསར་འགོད་པ། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ནས་མཉམ་ཞུགས་ཀྱིས་བརྗོད་གཞི་སྣ་མིན་ཐོག་གླེང་སློང་གནང་གི་ཡོད་པ་ལྟར། བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེ་ལགས་དང་ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས། དེ་བཞིན་ཨ་རིའི་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཚེ་ལྷ་རྫོགས་བཟང་ལགས། གཞན་ཡང་ཨོ་སྟྲེ་ལི་ཡར་གནས་བཞུགས་བོད་པའི་གཞས་པ་དང་རོལ་དབྱངས་རྩོམ་པ་པོ་དེ་བཞིན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ Grammy རོལ་དབྱངས་གཟེངས་རྟགས་ཀྱི་འོས་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་སོགས་ནས་མཉམ་ཞུགས་གནང་རྒྱུ་རེད་འདུག

ལྷག་པར་དུ་ཐེངས་འདིའི་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་པ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ Wisdom of Happiness ཞེས་པ་དེ་གཟིགས་འབུལ་ཞུ་རྒྱུ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Richard Gere ལགས་ཀྱིས་བོད་དོན་གཏམ་བཤད་གནང་རྒྱུ་རེད་འདུག

དེ་རིང་ནས་རྩིས་པའི་ཉིན་གྲངས་གསུམ་རིང་གཏམ་བཤད་གནང་མཁན་རྣམས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ངོ་སྤྲོད་གསུང་བཤད་གནང་གི་ཡོད་པའི་ཁྲོད། དེང་དུས་བོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བྲིས་པའི་རི་མོའི་སྒྱུ་རྩལ་ཁག་བཤམ་སྟོན་གནང་གི་ཡོད་པ་དང་ཁོང་གི་པར་རིས་དེའི་མིང་ལ་  Let there be Light འམ་འོད་སྣང་འཕྲོ་བར་གྱུར་ཅིག་ཞེས་བཏགས་ཏེ་ཆབ་སྲིད་ཀྱི་གནད་དོན་མཚོན་པར་བྱེད་པའི་གཞིས་བཞུགས་བོད་མིའི་དཀའ་ངལ་མངོན་པར་བྱ་རྒྱུ་རེད་འདུག

པར་དབང་། Tenzing Rigdol

འདི་ག་རླུང་འཕྲིན་ཁང་ནས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་སུ་ཁོང་གི་བྲིས་པའི་སྒྱུ་རྩལ་ཁག་གི་མཚོན་དོན་སྐོར་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད།  

ཁོང་གིས་ད་དུང་། སྤྱིར་རིག་གཞུང་ཚང་མ་རྩ་ཆེན་པོ་ཡིན་པ་དང་དེའི་ནང་ནས་བོད་པའི་རིག་གཞུང་ལ་མཚོན་ན་རྒྱ་གཞུང་གིས་ཆེས་དམ་དྲག་འོག་བོད་མིའི་ངོ་བོ་གཙོས་ཆོས་རིག་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་དམིགས་བསལ་ཞིག་འཕྲད་བཞིན་ཡོད་པའི་ཁྲོད་འདིར་ཁོང་སྒྱུ་རྩལ་བ་ཞིག་གི་ངོ་བོའི་ཐོག་ནས་བོད་དོན་ཐོག་ནུས་པ་གང་ཡོད་འདོན་རྒྱུ་དང་ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་སླད་དུ་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་གནང་ཚེ་བོད་ལ་སྐྱིད་པའི་ཉི་མ་ཤར་བའི་རེ་བ་ཡོད་ཅེས་དང་།  ད་རེས་ཀྱི་འགྲེམས་སྟོན་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ཕེབས་ཡོད་པ་དེས་ཁོང་རང་ཉིད་ལ་ཚོར་སྣང་སྐྱིད་པོ་དང་སེམས་ཤུགས་འཕར་མ་ཞིག་སྦྱིན་སོང་ཞེས་གསུང་གི འདུག 

གཞི་རྩའི་ལོ་ལྟར་འཚོག་བཞིན་པའི་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་རྒྱབ་ལྗོངས་འདྲ་མིན་གྱི་ལས་འགུལ་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། སྤྱི་ཚོགས་ནང་བཟང་ཕྱོགས་ནས་བསྒྱུར་བ་དང་ཤུགས་རྐྱེན་སྤྲོད་མཁན་གྱི་མི་སྣ་རྣམས་གདན་འདྲེན་ཞུ་སྲོལ་ཡོད་པ་ལྟར། ད་བར་ལྷན་ཚོགས་འདིའི་ཐོག་བོད་མི་ཆབ་སྲིད་བཙོན་ཟུར་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གཙོས་ས་གནས་བོད་མི་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།