Tibetan Royal Year of 2151 | Year of the Wood Dragon

ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་གཉིས་པའི་སྐོར་བཅར་འདྲི།

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

ཟླ་བ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Ashok ཨ་ཤོ་ཀའི་གསོལ་མགྲོན་ཁང་དུ་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་གཉིས་པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ Jagdeep Dhankhar ཇཱཀ་དྷིཔ་དྷན་ཀར་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་སའི་གོ་ལའི་ཚན་རྩལ་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག་གིས་གཙོས་ལྷན་ཚོགས་དེའི་ཚོགས་གཙོ་སོག་པོ་དགའ་ལྡན་དགོན་པའི་མཁན་ཟུར་ Choijamts Demberel མཁན་པོ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་མཆོག དེ་བཞིན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་འཛམ་གླིང་གི་རྒྱལ་ཁབ་ ༡༧ ཙམ་ནས་ནང་པའི་བླ་ཆེན་དང་སྐུ་ཚབ་སོགས་ཁྱོན་ཚོགས་བཅར་བ་ ༢༠༠ ལྷག་ལྷན་ཞུགས་གནང་འདུག

ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་ཁྲོད་དམག་འཁྲུག་ཞི་ཐབས་དང་། ཞི་བདེ་གོང་འཕེལ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ལ་ནང་པའི་ངོས་ནས་གནང་ཕྱོགས་སོགས་གནད་དོན་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་པ་སྤྱིའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གསོལ་དང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་མཐུན་པའི་གནང་སྒོ་ཁག་ལས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྒེར་སོགས་ནས་ཐེ་བྱུས་བྱེད་དབང་མེད་པ། དེ་བཞིན་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་ཉིད་འཛམ་གླིང་ཞི་བདེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོས་ཆར་སྤྱི་མོས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད་འདུག

ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གནད་དོན་དང་འབྲེལ་ནས། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།