Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་འབྲས་ལྗོངས་ནང་གི་མཛད་འཆར་དུས་ཚོད་ངེས་མེད་བར་ཕྱིར་འགྱངས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་འཁོར་རྗེས་མའི་ནང་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་དང་། དེ་བཞིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་བཅས་སུ་ཆིབས་བསྒྱུར་མཛད་གཏན་འཁེལ་ཡོད་ཀྱང་། ཉེ་ལམ་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བའི་གནད་དོན་ཁྲོད། ད་ཆ་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་དེ་བཞིན་དུས་ཚོད་ངེས་མེད་བར་དུ་ཕྱིར་འགྱངས་གནང་འདུག

དེའང་དེ་སྔའི་མཛད་འཆར་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༦ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་བསྒྱུར་དང་འབྲེལ། དཔལ་འབྱོར་རྩེད་ཐང་དུ་ཉིན་གཉིས་རིང་༸རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། དེ་རྗེས་ཕྱི་ཚེས་ ༢༡ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད།

འོན་ཀྱང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཁ་སང་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ལམ་འབྲས་ལྗོངས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བར་བརྟེན་མངའ་སྡེ་གཞུང་གིས་གནོད་འཚེ་ཐེབས་ཡུལ་གྱི་ས་ཚིགས་ཁག་ཏུ་ངལ་སེལ་གྱི་ལས་གཞི་མང་དག་ཅིག་གནང་དགོས་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དང་། ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་བཅས་སུ་བཀའ་ཆོས་ཀྱི་མཛད་འཆར་ཁག་རེ་ཞིག་ཕར་འགྱངས་གནང་བ་དང་ཆབས་ཅིག མཛད་འཆར་ཕར་འགྱང་ལ་བརྟེན་ནས་མཛད་དཀའ་བྱུང་ཡོད་པ་རྣམས་ལ་དགོངས་སེལ་གནང་འདུག

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༨ རེས་གཟའ་ཉི་མའི་སྔ་དྲོ་ཕྱག་ཚོད་ ༩།༢༠ ཡོལ་ཙམ་ལ་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལར་ཆིབས་བསྒྱུར་མཛད་ཡོད་པ་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་ད་ལྟའི་ཆར་འབྲལ་ལྗོངས་ནང་གི་མཛད་འཆར་ཡོངས་རྫོགས་ཕྱིར་འཐེན་གནང་འདུག་པ་དེ་ལྟར་ཡང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་དང་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ལ་འགྱུར་བ་གང་ཡང་གནང་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།