Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཀངྒ་རའི་རྒྱལ་པོའི་གདུང་སྲས་འདས་གྲོངས་གྱུར་བར་ཐུགས་གསོ་སྩལ་བ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བཞུགས་སྒར་དྷརྨ་སཱ་ལཱའི་ཆགས་ཡུལ་ཀངྒ་རའི་རྫོང་གི་རྒྱལ་པོ་མཐའ་མའི་གདུང་སྲས་སྐུ་ཞབས་ Aditya Dev Chander Katoch མཆོག་འདས་གྲོངས་སུ་གྱུར་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག སྐུ་ཞབས་ Aditya Dev Chander Katoch མཆོག་ཉེ་ལམ་ཟླ་ ༡༢ ཚེས་ ༣༠ ཉིན་འདས་གྲོངས་སུ་གྱུར་བར་བརྟེན་དེ་རིང་ཉིན་རྒྱབ་ཚོུད་ ༡༌༤༠ ཡོལ་ཙམ་ལ་གངས་སྐྱིད་ཀྱི་ཉེ་འདབས་སུ་ཡོད་པའི་ཀངྒ་རའི་རྒྱལ་པོའི་བཞུགས་གནས་ Clouds End Villa ཞེས་པའི་ནང་དམ་པ་ཁོང་གི་སྐུ་ཟླ་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ཟུར་པ་ལྕམ་སྐུ་ Chanderesh Kumari Katoch མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ། དེ་རིང་གི་ཉིན་མོ་འདི་ནི་ཁོང་སྐུ་ཟླ་གཉིས་ལ་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་དེའང་ཁོང་གིས་ཆབ་སྲིད་ཀྱི་ཕྱག་ལས་ཐོག་མར་གནང་བའི་ཉིན་མོ་ཞིག་ཡིན་སྐོར་གསུངས་ཡོད།འདས་པའི་མི་ལོ་ལྔ་བཅུའི་ནང་ཁོང་དང་སྐུ་ཟླ་གཉིས་ཀྱི་ངོས་ནས་སྤྱི་ཚོགས་ཞབས་ཞུ་དང་ཆབ་སྲིད་ཀྱི་ལས་དོན་ལ་མཉམ་ཞུགས་གནང་ཡོད་པར་མ་ཟད་ལྷག་དོན་ཁོང་ནས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུས་ལ་དགོངས་ཚུལ་རིགས་ཕུལ་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་སོང་། དེ་བཞིན་ཁོང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལས་དོན་གནང་ཁག་ལུང་འདྲེན་དང་འབྲེལ་དྷ་ས་ནི་སྙན་གྲགས་ཆེ་བའི་ས་ཆ་ཞིག་ཆགས་ཡོད་པ་དང་དེ་ནི་མགོན་པོ་༸གང་ཉིད་མཆོག་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། ཁོང་ཉིད་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་བ་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་པ་དང་འབྲེལ། ཁོང་ནས་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཕྱག་ལས་གནང་ཁག་དྲན་གསོ་གནང་སྟེ་མགོན་པོ་༸གང་ཉིད་མཆོག་གིས་ཁོང་གི་སྐུ་ཟླ་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག རང་ཉིད་ནས་བོད་མི་དང་ཀངྒ་རའི་ཡུལ་མི་དབར་གྱི་འཆམ་མཐུན་མུ་མཐུད་ནས་གནས་པར་ཕྱག་ལས་གནང་དགོས་ཚེ་༸གོང་ས་མཆོག་གི་ལམ་སྟོན་གང་གནང་བ་ལྟར་དེ་ལྟར་ཞུ་ངེས་ཡིན་ཞེས་གསུངས་ཡོད།གཞི་རྩའི་ལྕམ་སྐུ་ Chanderesh Kumari Katoch མཆོག་ནི་ Rajasthan མངའ་སྡེའི་གྲོང་ཁྱེར་Jodhpur གྱི་རྒྱལ་བརྒྱུད་ཅིག་ཡིན་ཞིང་། ཁོང་ནི་རྒྱ་གར་ཆབ་སྲིད་ཀྱི་ལས་སྣེ་མང་དག་ནང་བཞུགས་མྱོང་ཡོད་པ་དང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Congress ཡི་ཚོགས་མི་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།