༸གོང་ས་མཆོག་གིས་ཀཿ་ཐོག་པའི་མཛད་པ་ཐུན་མིན་རྒྱུན་འཛིན་གནང་དགོས་པར་བཀའ་སྩལ་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཀ་དམ་པ་ཤེས་རབ་སེང་གེ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༩༠༠ འཁོར་བ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་གཉིས་སུ་མཛད་སྒོ་དེ་ལྟར་གནང་བར་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ་ཏེ། ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཀ་དམ་པའི་རྣམ་ཐར་དང་ཁོང་གི་སྒྲུབ་བརྒྱུད་བཀའ་བབ་ཀྱི་མཛད་པ་ཐུན་མིན་རྣམས་ཉམས་མེད་རྒྱུན་འཛིན་ཐུབ་པར་ཐུགས་སྨོན་མཛད་འདུག

ཁ་ཉིན་ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་སྔ་འགྱུར་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཤར་རྒྱལ་བ་ཀཿཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་བདེ་བར་གཤེགས་པ་སྐུ་འཁྲུངས་ཏེ་མི་ལོ་ ༩༠༠ འཁོར་བའི་དུས་དྲན་དང་ཀཿདམ་པ་བདེ་བར་གཤེགས་པའི་རྣམ་ཐར་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་ལྟར། དེའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨན་གླིང་མཁན་ཆེན་རིན་པོ་ཆེ་མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ༸སྐྱབས་རྗེ་སྟང་རིན་པོ་ཆེ་མཆོག་དང་རྙིང་མ་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན། དེ་བཞིན་ས་གནས་ཀྱི་སེར་སྐྱ་མི་མང་སོགས་ལྷན་ཞུགས་གནང་འདུག

དུས་དྲན་གྱི་མཛད་སྒོ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་དེའི་ནང་། བཤད་སྒྲུབ་ཀྱི་གདན་ས་ཁག་ཕྱག་འདེབས་པ་པོ་དམ་པ་རྣམས་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་གནང་བའི་རྣམ་པར་ཐར་པ་དག་ཤིན་ཏུ་ནས་རྗེས་དྲན་ཞུ་འོས་ཏེ། ཕན་བདེའི་གཞི་མ་ནི་རང་རེའི་སེམས་འདུལ་བྱེད་ཀྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ཞེས་དང་། བསྟན་པ་འཛིན་པའི་ཚུལ་ཡང་བཤད་སྒྲུབ་གཉིས་ཁོ་ནར་འདུ་ཞིང་། བྱེ་བྲག་བོད་ཁམས་ཤར་ཕྱོགས་ཀཿཐོག་གདན་ས་ནི་གསར་རྙིང་གི་བསྟན་པ་སྤྱི་དང་སྒོས་སྔ་འགྱུར་རང་ལུགས་མདོ་རྒྱུད་ཀྱི་འཆད་ཉན་སོགས་བསྟན་པར་འཁོར་ལོ་གསུམ་གྱི་བྱ་བ་རྒྱ་ཆེར་བྱུང་འདུག་ཅེས་བཀའ་སྩལ་བ་དང་ཆབས་ཅིག ཀཿཐོག་པའི་གདན་ས་འདི་ངོས་དང་ཡང་དམིགས་བསལ་གྱི་འབྲེལ་བ་ཐོགས་ཡོད་པ་ནི། ཀཿཐོག་རིག་འཛིན་གྱིས་༸རྒྱལ་དབང་གི་སྐྱེ་ཕྲེང་བཅུ་བཞི་པ་ལུང་བསྟན་ཤིན་ཏུ་གསལ་བ་ཞིག་ཡོད་པ་དང་། ཀཿཐོག་དགེ་རྩེ་རིན་པོ་ཆེ་འདི་པ་ནས་ཀྱང་ཞལ་ཞེ་གཉིས་མེད་ཀྱིས་ངོསལ་ཡིད་ཆེས་དགའ་ཞེན། བོད་བསྟན་སྲིད་ཀྱི་ལར་ཞེན་ཆེ་བར་མཛད་པ་སོགས་གང་ཅིར་རེ་བ་བཅང་ཡུལ་ཞིག་ཡིན་ཀྱང་གློ་བུར་རྐྱེན་དབང་དུ་ཕེབས་པར་ད་དུང་ཐུགས་ཕམ་མཛད་བཞིན་ཡོད་སྐོར་སོགས་བཀའ་སྩལ་ཏེ། ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཀ་དམ་པའི་རྣམ་ཐར་དང་ཁོང་གི་སྒྲུབ་བརྒྱུད་བཀའ་བབ་ཀྱི་མཛད་པ་ཐུན་མིན་རྣམས་ཉམས་མེད་རྒྱུན་འཛིན་ཐུབ་པར་ཐུགས་སྨོན་མཚམས་སྦྱོར་བཅས་མཛད་འདུག

རྩ་བའི་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་གྱི་རྗེས་དྲན་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨན་གླིང་མཁན་ཆེན་རིན་པོ་ཆེ་མཆོག དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་གཙོས་སྐྲུ་མགྲོན་རྣམ་པས་གསུང་བཤད་གནང་ཡོད་པར་མ་ཟད་སྐུ་མགྲོན་རྣམས་ལ་རྗེས་དྲན་གྱི་ཕྱག་རྟགས་ཀྱང་ཕུལ་ཡོད་པ་རེད།

​འདི་ག་རླུང་འཕྲིན་ཁང་གིས་རྙིང་མ་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་ལ་རྗེས་དྲན་གྱི་མཛད་སྒོ་ཚོགས་པའི་གལ་གནད་དང་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཀ་དམ་པ་ཤེས་རབ་སེང་གེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་བཀའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026