Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ Lai Ching-te མཆོག་ལ་འཚམས་འདྲི་སྩལ་འདུག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་མཆོག་གིས་ལས་ཁུར་བཞེས་པར་འཚམས་འདྲི་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ཐའེ་ཝན་ལ་མང་གཙོ་ས་བརྟན་གྱི་ལམ་ལུགས་ཤིག་ཡོད་པ་དེ་ནི་ངོ་མཚར་ཅན་ཞིག་ཡིན་པ་དང་། ལྷག་པར་ཐའེ་ཝན་མི་མང་གིས་མང་གཙོའི་ལམ་ལུགས་སྲ་བརྟན་གོང་འཕེལ་ཙམ་དུ་མ་ཟད། སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་འཛིན་ཐོག་ཕུན་སུམ་ཚོགས་པའི་ཡར་རྒྱས་ཆེན་པོ་ཞིག་ཀྱང་བྱུང་ཡོད་ཅེས་བཀའ་སྩལ་ཏེ། སྲིད་འཛིན་མཆོག་ནས་ཐའེ་ཝན་མི་མང་གི་མངོན་འདོད་བསྒྲུབ་པར་དཀའ་ངལ་ལ་གདོང་ལེན་གྱི་ལམ་ལྷོང་ལེགས་གྲུབ་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་ཁ་སང་སྟེ། ཕྱི་ཚེས་ ༢༠ ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་སྐུ་ཚབ་ཁག་ཅིག་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།