Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ནིའུ་ཛ་ལན་ཌིའི་བདམས་ཐོན་སྲིད་བློན་ལ་འཚམས་འདྲི་སྩལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ཆར་ནིའུ་ཛ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ལས་སྐུ་ཞབས་ Christopher Luxon མཆོག་གིས་སྣེ་ཁྲིད་པའི་རྙིང་ཞེན་ཚོགས་པར་ཡུལ་དེའི་རྒྱལ་ཡོངས་འོས་བསྡུའི་ནང་མང་མོས་ཐོག་ནས་ཚད་མཐོའི་རྒྱལ་ཁ་ཐོབ་པར་བརྟེན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛ་ལན་ཌིའི་བདམས་ཐོན་སྲིད་བློན་མཆོག་ལ་དགའ་བསུའི་འཚམས་འཕྲིན་མཛད་འདུག

འཚམས་འཕྲིན་ནང་༸གོང་ས་མཆོག་གིས་དེང་གི་དུས་ཚོད་འདི་ནི་འགྲོ་བ་མི་ཕན་ཚུན་དབར་ལ་གཅིག་ལ་གཅིག་བརྟེན་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གྱི་དུས་ཚོད་ཞིག་ཡིན་ཀྱང་འཛམ་གླིང་འདིར་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད། འོན་ཀྱང་ང་ཚོས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་ཐུབ་ཚེ་ཕུགས་རྒྱང་རིང་པོར་གོ་ལ་ཧྲིལ་པོ་གཅིག་གྱུར་གནས་པར་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུག

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཉིད་ཀྱི་རྒྱལ་ཁབ་ནིའུ་ཛ་ལན་ཌི་ལ་འཛམ་གླིང་གི་བདེ་འཇགས་དང་འཚེ་བ་མེད་པའི་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་དམིགས་བསལ་གྱི་ནུས་པ་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ནིའུ་ཛ་ལན་ཌི་རྒྱལ་ཁབ་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པའི་སྲིད་བྱུས་དེའི་བརྒྱུད་ནས་རྒྱལ་ཁབ་གཞན་ཚོས་ཀྱང་མིག་དཔེ་བལྟ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པར་མ་ཟད། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཆེད་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི་གོ་མཚོན་མེད་པ་བཟོ་རྒྱུ་དེ་ཡིན་པར་བཀའ་ནན་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་དེ་སྔ་ནིའུ་ཛ་ལན་ཌིར་ཐེངས་འགར་ཆིབས་བསྒྱུར་མཛད་སྐབས་སུ་ཡུལ་དེའི་མང་ཚོགས་ཀྱིས་མགོན་པོ་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་དང་སྙིང་རྗེ། བཟོད་བཞེས། བཟོད་སྲན། ཆོག་ཤེས། རང་ཁྲིམས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ཐུགས་བསྐྱེད་ལ་ཐུགས་སྣང་དང་དགའ་མོས་གནང་ཕྱོགས་བཅས་ཀྱི་རྣམ་པ་གཟིགས་དུས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་དང་སྦྲགས། སྐུ་ཞབས་ཁོང་གིས་ནིའུ་ཛ་ལན་ཌིའི་མང་ཚོགས་ཀྱི་རེ་འདུན་ཁག་ལེགས་གྲུབ་ཐུབ་ཕྱིར་སླད་ཀྱི་ཉེར་མཁོའི་གནང་སྒོ་མཐའ་དག་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་ཕྱི་ཟླ་ ༡༠ ཕྱི་ཚེས་ ༡༤ ཉིན་ནིའུ་ཛ་ལན་ཌིའི་རྒྱལ་ཡོངས་འོས་བསྡུའི་ཆེན་མོའི་ནང་སྐུ་ཞབས་ Christopher Luxon མཆོག་གིས་སྣེ་ཁྲིད་པའི་རྒྱལ་ཡོངས་སྲིད་དོན་ཚོགས་པ་ National Party ཞེས་པའི་ཆབ་སྲིད་ཚོགས་པར་འོས་གྲངས་བརྒྱ་ཆ་ ༣༩ དང་གཞུང་འཛིན་གོང་མ་ Labor Party ལ་བརྒྱ་ཆ་ ༢༦.༩ དེ་བཞིན་ ACT ཚོགས་པར་བརྒྱ་ཆ་ ༩ བཅས་ཀྱི་ཐོག་ནས་རྒྱལ་ཡོངས་སྲིད་དོན་ཚོགས་པར་མང་མོས་ཀྱི་འོས་གྲངས་ཐོབ་ཡོད་པ་རེད།

གནས་ཚུལ་ཐོན་ཁག་ལ་གཞིགས་ན། སྐུ་ཞབས་ Luxon མཆོག་གིས་སྣེ་ཁྲིད་པའི་རྒྱལ་ཡོངས་སྲིད་དོན་ཚོགས་པས་ ACT ཚོགས་པ་དང་མཉམ་འབྲེལ་གྱིས་གཞུང་འཛིན་གནང་གི་ཡོད་པ་རེད།  པར་ཁག་སྤྱི་ཚོགས་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།