Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ནིའུ་ཛ་ལན་ཌིའི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་བཞུགས་སྒར་དྷ་སའི་ཉེ་འཁྲིས་དུ་ཆགས་པའི་དབྱུག་རྩེད་སྤོ་ལོའི་ཐང་ཆེན་དུ་རྒྱ་གར་དང་ནིའུ་ཛ་ལན་ཌིའི་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་རུ་ཁག་དབར་ལ་རྩེད་འགྲན་དང་། རིང་མིན་ཚེས་ ༢༨ ནིའུ་ཛ་ལན་ཌི་དང་བྷང་ལ་དེ་ཤའི་རུ་ཁག་དབར་ལ་རྩེད་འགྲན་གནང་ཆེད་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་གནང་ཡོད་པ་ལྟར། དེ་རིང་ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ནིའུ་ཛ་ལན་ཌིའི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་གྱི་རུ་དཔོན་ Kane Williamson ལགས་གཙོས་རྩེད་འགྲན་པ་དང་རྩེད་འགྲན་པའི་ནང་མི་ཁག་ཅིག་ལ་མཇལ་འཕྲད་མཛད་སོང་།

དེ་རིང་སྔ་དྲོའི་མཇལ་ཁ་ལེགས་གྲུབ་ཟིན་མཚམས་སུ་ཕྱི་རྒྱལ་གྱི་རྩེད་འགྲན་པ་རྣམས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་བཅར་བ་དང་འབྲེལ། གསར་འགོད་པས་ Kane Williamson ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ཧ་ཅང་སྐལ་པ་བཟང་པོ་བྱུང་ཞེས་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་མདུན་དུ་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།

དེ་བཞིན་རུ་དཔོན་སྐུ་ཞབས་ Kane Williamson ལགས་ཀྱིས་དེ་སྔ་བཞུགས་སྒར་དུ་ T20 རྩེད་འགྲན་ཐོག་ཕེབས་སྐབས་༸གོང་ས་མཆོག་༸རྒྱལ་བའི་བཞུགས་སྒར་དུ་༸སྐུ་བཞུགས་མཛད་མེད་རྐྱེན་མཇལ་ཁ་ཞུ་བྱུང་མེད་སྟབས། དེ་རིང་གོ་སྐབས་དམ་འཛིན་ཐོག་ནས་མཇལ་ཁ་ཞུས་པ་ཡིན་ཞེས་གསུངས་ཡོད།  

དེ་རིང་རྩེད་འགྲན་པ་རྣམས་མཇལ་ཞུར་སྣེ་ཁྲིད་གནང་མཁན་ཧི་མཱ་ཅལ་དབྱུག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ Sanjay Sharma ལགས་ཀྱིས་ནིའུ་ཛ་ལན་ཌིའི་དབྱུག་རྩེད་སྤོ་ལོའི་རུ་ཁག་བཞུགས་སྒར་དུ་རྒྱལ་སྤྱིའི་རྩེད་འགྲན་སླད་ཕེབས་ཡོད་པ་ལྟར་རྩེད་འགྲན་པ་ཚང་མའི་ངོས་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་ཐུགས་འདོད་ཡོད་སྐོར་གསུངས་སོང་།

རྩ་བའི་ ICC World Cup འམ་འཛམ་གླིང་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་དེ་ International Cricket Council འམ་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་བཞི་རེའི་མཚམས་སུ་ཐེངས་གཅིག་རེ་རྩེད་འགྲན་གནང་སྲོལ་ཡོད་པ་དང་། འདི་ལོའི་རྩེད་འགྲན་ཐེངས་ ༡༣ དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༩ བར་གནང་གི་ཡོད་པ་ལྟར། ཐེངས་འདིའི་རྩེད་འགྲན་གྱི་འགྲན་བསྡུར་ལྔ་བཞུགས་སྒར་དྷ་སའི་ཉེ་འཁྲིས་དུ་ཆགས་པའི་དབྱུག་རྩེད་སྤོ་ལོའི་ཐང་ཆེན་དུ་གནང་གི་ཡོད་པ་ལྟར་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་རྒྱ་གར་དང་ནིའུ་ཛ་ལན་ཌི་གཉིས་ཀྱི་དབར་ལ་རྩེད་འགྲན་གནང་སྐབས་རྒྱ་གར་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།