Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བཙུམ་དང་ནུབ་རི་ཁུལ་ནས་ཕེབས་པའི་དད་ལྡན་མི་མང་ཁག་གཅིག་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བལ་ཡུལ་བྱང་ཕྱོགས་བོད་ཀྱི་ས་འབྲེལ་ཡིན་པ་བཙུམ་དང་ནུབ་རི་ས་ཁུལ་ཁག་ནས་ལོ་ན་བགྲེས་པའི་དད་ལྡན་པ་ ༤༠ ཙམ་གྱིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་སོང་།

HHDL Audience Nepal Devotees
Screenshot: OHHDL

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་པ་དེ་དག་ལ་མ་ཎི་ཡིག་དྲུག་བཟླས་ལུང་བསྩལ་བ་མ་ཟད། རང་གཅེས་འཛིན་གྱི་བློ་དོར་བ་དང་གཞན་གཅེས་འཛིན་གྱི་བློ་ཉམས་སུ་ལེན་པའི་ཐོག་རྒྱུན་དུ་སེམས་བཟང་པོ་གནང་དགོས་པའི་ལམ་སྟོན་བསྩལ་འདུག

གཞི་རྩའི་བལ་ཡུལ་གྱི་བཙུམ་དང་ནུབ་རི་ས་ཁུལ་ནས་ཕེབས་པའི་དད་ལྡན་པ་དེ་དག་ད་རེས་བཞུགས་སྒར་དུ་མཉམ་འཁྲིད་གནང་མཁན་དེ་ཨ་རིའི་ California ཁུལ་དུ་རྒྱུད་སྟོད་ཆོས་ཚོགས་གསར་བཙུགས་གནང་མཁན་དང་བདེ་ལེགས་ཐེབས་རྩའི་འགན་འཛིན་རྒན་ཐུབ་བསྟན་དོན་ཡོད་ལགས་ཡིན་པ་དང་། ཁོང་གིས་ད་རེས་བཞུགས་སྒར་དུ་མ་ཕེབས་གོང་དད་ལྡན་པ་དེ་དག་མཚོ་པདྨར་གནས་མཇལ་ལ་ཁྲིད་པ་མ་ཟད། དེའི་གོང་བལ་ཡུལ་རྒྱལ་ས་ Kathmandu ནས་ཉིན་གསུམ་གྱི་ས་ཐག་ཐོག་ཆགས་པའི་བཙུམ་དང་ནུབ་རི་ཁུལ་དུ་བལ་པོའི་མིག་གི་སྨན་པ་དང་སྨན་ཞབས་ཁག་གཅིོག་འཁྲིད་ནས་ས་གནས་ཡུལ་མིའི་མིག་ལ་ཤག་བཅོས་སོགས་ཀྱི་ལས་གཞི་ཡང་སྤེལ་འདུག

HHDL Audience Nepal Devotees
Screenshot: OHHDL

མཇལ་ཁ་གྲུབ་མཚམས་སུ་དེ་གའི་གསར་འགོད་པས་མཇལ་ཁའི་ཐོག་བཅར་བའི་མི་སྣ་ཁག་གཅིག་ལ་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་བཀའ་འདྲི་ཞུས་པར་དད་ལྡན་པ་ཁག་གཅིག་གིས་མི་ཚེའི་འདིའི་ནང་མཇལ་ཁ་འདི་ལྟ་བུ་ཐོབ་ཀྱི་རེད་བསམ་པ་མ་བྱུང་ཞེས་མིག་ཆུ་བཏང་ནས་ད་ལན་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་དང་། ཡང་ཁག་གཅིག་གིས་དེ་རིང་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་དེས་མི་ཚེའི་སྙིང་པོ་གྲུབ་པ་ལྟ་བུ་བྱུང་ཞེས་དང་།  ༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་པ་སོགས་འགྲེལ་བརྗོད་གནང་གི་འདུག

གཤམ་ལ་འདི་ག་རླུང་འཕྲིན་ཁང་གིས་རྒན་དོན་ཡོད་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པའི་ཕྱོགས་སྒྲིག་ལས་རིམ་གསན་གནང་ཡོང་བ་ཞུ།

འབྲེལ་ཡོད་གསར་གནས།

གསར་གནས།