Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བལ་ཡུལ་ནང་པའི་ཀུན་སློང་ཚོགས་པའི་ཚོགས་མི་ ༩༠ ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཟླ་ ༡༢ ཚེས་ ༦ ཉིན་གྱི་སྔ་དྲོ་བལ་ཡུལ་ནང་པའི་ཇག་རན་ནམ་ནང་པའི་ཀུན་སློང་ཚོགས་པའི་ཚོགས་མི་ ༩༠ ལྷག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ཞུས་འདུག

བལ་ཡུལ་ནང་པའི་ཀུན་སློང་ཚོགས་ནི་བལ་ཡུལ་ཀོ་པན་དགོན་པའི་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཧི་མཱ་ལ་ཡའི་མི་རིགས་རྣམས་ནས་ནང་པའི་ཆོས་དང་རིག་གཞུང་ཟབ་མོ་ཡོད་པ་དེ་དག་སྲུང་སྐྱོབ་གནང་དགོས་ཞེས་བཀའ་སློབ་ཇི་ལྟར་ཕེབས་པའི་དགོངས་དོན་སྙིང་བཅངས་ཀྱིས་ཕྱི་ལོ་ ༡༩༩༧ ལོར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་བཙུགས་གནང་བ་ཞིག་དང་། ཚོགས་པའི་ངོས་ནས་ད་བར་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་བོད་ཡིག་སློབ་ཁྲིད། ལོ་ལྟར་ལུཾ་བྷི་ནིར་སྨོན་ལམ་ཆེན་མོ་ཚོགས་རྒྱུ། དེ་བཞིན་སྨྱུང་གནས་དང་མ་ཎི་སྨོན་ལམ་གསོག་སྒྲུབ། གྲོང་གསེབ་ཁག་ཏུ་མཆོད་རྟེན་ཉམས་གསོ་དང་གསར་རྒྱག་སོགས་ཀྱི་རྣམ་དཀར་དགེ་ལས་མང་དག་ཅིག་གཉེར་བཞིན་ཡོད་པ་རེད་འདུག

ཚོགས་པའི་གྲྭ་བློ་བཟང་བཀྲིས་ལགས་ཀྱིས་གསར་འགོད་པར་ཁོང་རྣམས་ཀྱིས་ད་རེས་༸གོང་ས་མཆོག་ལ་ཚོགས་པའི་ལས་དོན་ཁག་སྙན་སེང་དང་། སླད་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་སྡིག་སྤངས་དགེ་སྒྲུབ་ཇི་ལྟར་ཞུ་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་ཞུ་རྒྱུ་སོགས་ཀྱི་ཆེད་དུ་བཅར་ཡོད་པར་གསུངས་སོང་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་བལ་ཡུལ་ནང་པའི་ཀུན་སློང་ཚོགས་པའི་ངོས་ནས་རྣམ་དཀར་དགེ་ཚོགས་དང་འབྲེལ་བའི་ལས་གཞི་སྤེལ་དང་སྤེལ་བཞིན་ཁག་ལ་ཡི་རང་བསྔགས་བརྗོད་མཛད་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

མཛད་འཆར་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་དགའ་ལྡན་ལྔ་མཆོད་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀྲིན་མཛད་རྒྱུ་དང་། རིང་མིན་རེས་གཟའ་སྤེན་པ་སྟེ་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་ནུབ་བྷེང་གྷལ་ནང་གི་བཀའ་ཆོས་ཀྱི་མཛད་འཕྲིན་བསྐང་ཆེད་ཆིབས་བསྒྱུར་བཀྲིན་མཛད་གཏན་ཁེལ་བ་ལྟར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཀྱི་ཡོད་སྟབས། དེ་རིང་ནས་མགོན་པོ་༸གང་ཉིད་མཆོག་གི་མཇལ་མང་གནས་སྐབས་རིང་མཚམས་འཇོག་གནང་གི་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།