Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ལ་དྭགས་སྟོག་དགོན་པའི་སྟོན་པའི་སྐུ་བརྙན་ལ་གནས་གཟིགས་མཛད་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༧ ཚེས་ ༡༡ ནས་བཟུང་ལ་དྭགས་སུ་མཛད་འཆར་སྐྱོང་བཞིན་པ་དང་བསྟུན། དེ་རིང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སྟོག་གྲོང་གསེབ་ནང་ཡོད་པའི་ཕི་ཊི་ ༧༡ ཅན་གྱི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལ་གནས་གཟིགས་མཛད་པ་དང་འབྲེལ་སྟོག་ཡུལ་མི་རྣམས་ལ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་སོང་།

སྐབས་དེར་༸གོང་ས་མཆོག་གིས་སྟོག་ཡུལ་མི་རྣམས་ལ་བཀའ་སློབ་སྩལ་བའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་ལོ་མང་གོང་ནས་ཐུགས་འདོད་ཡོད་པ་བཞིན་དེ་རིང་དངོས་སུ་ཆིབས་བསྒྱུར་མཛད་ཐུབ་པ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ་ཏེ། འཛམ་གླིང་ཐོག་རྟེན་འབྱུང་གི་ལྟ་བ་གསལ་བར་མཛད་མཁན་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་གཅིག་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ལྟ་བ་རྟེན་འབྱུང་དང་སྟོང་ཉིད་ཀྱི་ལྟ་བར་སྒོམ་ཉམས་བཞེས་མཛད་ཀྱི་ཡོད་པ་བཞིན་ཐུགས་ཕན་ཆེན་པོ་གསོས་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་རྒྱུའི་དགོས་དམིགས་གཙོ་བོ་ནི་རང་དོན་སྒྲུབ་ཕྱིར་མིན་པར་ག་ཚོད་ཐུབ་ཐུབ་ཀྱིས་ཀུན་སློང་བཟང་པོའི་ཐོག་ནས་འགྲོ་བ་མིར་ཕན་པའི་དགོངས་པ་བཞེས་དགོས་གལ་ཡིན་པར་བཀའ་སྩལ་ཡོད།

མགོན་པོ་མཆོག་གིས་ད་དུང་ཧི་མཱ་ལ་ཡའི་རི་རྒྱུད་ཡོངས་རྫོགས་སྟོན་པ་བཅོམ་ལྡན་འདས་དང་སྒོས་སུ་འཕགས་པ་སྤྱན་རས་གཟིགས་ལ་སྐྱབས་སུ་འགྲོ་མཁན་ཆགས་ཡོད་པ་དང་། དེའང་གཙོ་བོ་སེམས་ལ་ཞི་བདེ་ཡོང་རྒྱུ་དང་འབྲེལ་བ་ཡོད་སྟབས། སེམས་ལ་ཞི་བདེ་ཡོང་བར་སྟོན་པ་ལ་གསོལ་འདེབས་དང་མ་ཎི་ཡིག་དྲུག་བསགས་པས་ཕན་ཐོགས་ཡོང་གི་ཡོད་ཅེས་བཀའ་སྩལ་བ་དང་ལྷན་ཅིག་སེམས་ཀྱི་ཞི་བདེ་འབྱུང་ན་འཛམ་གླིང་ལ་ཞི་བདེ་ཡོང་ངེས་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

སྟོག་ཁུལ་གྱི་དམག་མི་ཟུར་པ་རྣམས་མཉམ་རུབ་ཀྱིས་བཞེངས་པའི་སྟོན་པའི་སྐུ་སྙན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་ཆིབས་བསྒྱུར་མཛད་སྐབས་དབུ་འབྱེད་རབ་གནས་མཛད་ཡོད་ཅིང་། དེ་རིང་མགོན་པོ་༸གང་ཉིད་མཆོག་སྟོག་དགོན་པར་ཆིབས་བསྒྱུར་མཛད་པ་ཐེངས་གཉིས་པ་དེ་ཆགས་ཡོད།

རྩ་བའི་དེ་རིང་སྔ་དྲོ་སྟོག་ཁུལ་དུ་ཆིབས་བསྒྱུར་མ་མཛད་པའི་གོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཐང་ཆེན་གྱི་ཆོས་གྲྭར་དབུས་གཙང་ཆོལ་ཁའི་འགན་ལྷན་ཐེངས་བཅུ་དྲུག་པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བོད་ཀྱི་ཆོས་རིག་གཏིང་ཟབ་ཡོད་པ་དེ་དག་བདག་སྐྱོང་གནང་གལ་ཡིན་པ་སོགས་བཀའ་སློབ་བཀའ་དྲིན་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།