Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་མཛད་སྐབས། མགོན་པོ་གང་ཉིད་མཆོག་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྐྱེས་ཡིན་པའི་གཟིགས་སྣང་ཡོང་གི་ཡོད་པ་བཀའ་སྩལ་བ་དང་འབྲེལ། ༸གོང་ས་མཆོག་ད་དུང་ལོ་བརྒྱ་ལྷག་སྐུ་བཞུགས་མཛད་དེ་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུའི་ཐུགས་སྨོན་དང་ཐུགས་སྟོབས་སྐྱེད་བཞིན་ཡོད་ཅེས་བཀའ་བཞེས་མཛད་སོང་།

HHDL Teaching Mongolia

དེའང་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་དད་ལྡན་པ་གཙོ་བོར་འགྱུར་བའི་ཕྱི་ནང་མང་ཚོགས་བརྒྱ་ཕྲག་དུ་མར་ཉིན་གཉིས་རིང་འདུལ་ནག་པ་དཔལ་ལྡན་བཟང་པོས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་དབུ་འཛུགས་མཛད་ཡོད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་གཟིམ་ལམ་ནང་མགོན་པོ་༸གང་ཉིད་མཆོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྐྱེས་ཡིན་པའི་རྟགས་མཚན་གཟིགས་སྣང་ཡོང་གི་ཡོད་པའི་བཀའ་སྩལ་དང་འབྲེལ།  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་དབུས་པའི་གཞན་མཁས་པ་ཁག་གཅིག་བོད་ནང་གདན་ཞུས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཉིད་འཛིན་སྐྱོང་སྤེལ་བའི་རྟེན་འབྲེལ་ཧ་ཅང་བཟང་པོ་བྱུང་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་༸སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཆོས་རྒྱལ་རྣམ་པའི་དགོངས་པ་གཞིར་བཟུང་འཛམ་བུ་གླིང་འདིའི་ཐོག་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་མཐུན་འབྲེལ། དེ་བཞིན་ཞི་བདེ་ཡོང་བར་ཞབས་འདེགས་གང་ཐུབ་མཛད་ཡོད་པ་མ་ཟད། ད་དུང་ཡང་ལོ་བཅུ་ཁྲག་གཅིག་གཉིས་རིང་བསྟན་པའི་ཞབས་འདེགས་མ་མཐུད་བསྒྲུབ་རྒྱུ་ཡིན་པ་བཀའ་སྩལ་སོང་།

HHDL Teaching Mongolia

མ་ཟད་༸གོང་ས་མཆོག་གིས་རང་རེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་ཁོངས་ནས་རྗེ་བདག་ཉིད་ཆེན་པོའི་གསུང་དེ་བཞིན་རྒྱ་ཆེ་གཏིང་ཟབ་ཡོད་པ་དང་། དེའི་བརྒྱུད་ད་སྐབས་ཀྱི་གོ་ལའི་དཀའ་རྙོག་ཁག་སེལ་ཐབས་ཀྱི་ནུས་པ་ཡོད་སྟབས་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཉིད་ཉམས་མེད་རྒྱུན་འཛིན་བྱ་རྒྱུའི་དུས་སུ་བསླེབས་ཡོད་པས་ཆོས་ཞུ་བ་རྣམས་ཀྱིས་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་གཞུང་ཆེན་དེ་དག་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་མཛད་སོང་།

ད་དུང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཟབ་ཤོས་ཆགས་ཀྱི་ཡོད་སྟབས། དེང་སྐབས་རྒྱལ་སྤྱིའི་སྟེང་ཚན་རིག་པ་དུ་མས་ནང་བསྟན་གྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་གི་ཡོད་པར་བཀའ་འབྲེལ་དང་འབྲེལ།  དེ་ནི་བོད་ཀྱི་རིག་གཞུང་གི་བླ་སྲོག་ཏུ་གྱུར་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་གཟི་བརྗིད་ཡིན་པ་དང་། ལྷག་པར་ཚན་རིག་པ་དང་ལྷན་ནང་དོན་རིག་པ་བགྲོ་གླེང་གནང་རྒྱུ་དེ་ནི་བསྟན་པའི་ཞབས་འདེགས་ཡིན་པ་བཀའ་སྩལ་སོང་།

གཞི་རྩའི་ད་རེས་ཀྱི་གསུང་ཆོས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར། ཉེ་འཁོར་སློབ་གྲྭ་ཁག་གཅིག་གི་དགེ་སློབ། བཞུགས་སྒར་དུ་བཅའ་བཞུགས་སེར་སྐྱ་མང་ཚོགས་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་ཁ་ཤས་རྒྱས་འཛོམས་གནང་འདུག་པ་དང་། ལྷག་པར་སོག་ཡུལ་ནས་ཆེད་མངགས་དད་ལྡན་པ་ཁྱོན་མི་གྲངས་ ༤༠༠ ཙམ་ཕེབས་འདུག

HHDL Teaching Mongolia

འདི་ག་གསར་འགོད་པས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གི་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་གོ་སྒྲིག་གནང་མཁན་གྱི་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་སོག་པོ་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་གྱི་བཤེས་གཉེན་མཆོག་ལ་གསུང་ཆོས་དེ་ཉིད་གསོལ་འདེབས་ཞུ་དགོས་དོན་དང་རང་ཉིད་ཀྱི་ཐུགས་ཚོར་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་༸གང་ཉིད་མཆོག་གི་སྐུ་མདུན་ནས་དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་པ་བཟང་པོ་དང་། ཐེངས་འདིའི་སོག་པར་གསུང་ཆོས་དེ་ནི་གསུང་ཆོས་ཐེངས་བཅུ་པ་དེ་ཆགས་ཀྱི་ཡོད་སྐོེར་ངོ་སྤྲོད་དང་འབྲེལ། ལྷག་པར་༸གོང་ས་མཆོག་གི་སྐུ་ཕྲེང་ན་རིམ་དང་སོག་པོ་དབར་ལོ་རྒྱུས་རང་བཞིན་ལྡན་པའི་མཐུན་མིན་གྱི་འབྲེལ་བ་འབྱུང་རིམ་སོགས་དེ་བྱུང་ལོ་རྒྱུས་ཁག་འགྲེལ་བརྗོད་གནང་སོང་།   

འབྲེལ་ཡོད་གསར་གནས།

གསར་གནས།