Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བཞུགས་སྒར་དྷརྨ་སཱ་ལཱར་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་ལུས་རྩལ་འགྲན་ཚོགས་ཐེངས་ ༥༢ ཚོགས་པ་དང་འབྲེལ། དེ་རིང་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་སྐུ་ཞབས་ Sanjay Kundu མཆོག་གིས་དབུས་པའི་འབྲེལ་ཡོད་དཔོན་རིགས་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཉེན་རྟོག་སྤྱི་ཁྱབ་པ་དང་དཔོན་རིགས་གཞན་རྣམས་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་ཉེན་ཡོལ་ལ་ཕེབས་པ་ནས་བཟུང་མགོན་པོ་༸གང་ཉིད་མཆོག་ཉེན་མེད་༸སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པར་བཀའ་སྩལ་བ་འབྲེལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་འདུག

སྤྱིར་རྒྱ་ནག་ནང་དེང་སྐབས་འགྱུར་ལྡོག་འགྲོ་བཞིན་ཡོད་ཀྱང་། རྒྱ་གར་དེ་ཉིད་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་དང་། མགོན་པོ་མཆོག་ནི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དྲི་མ་མེད་པའི་རྗེས་སུ་འབྲང་མཁན་ཞིག་ཡིན་སྟབས། ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་རྒྱུར་ཐུགས་འདོད་ཆེན་པོ་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་ནི་ཆབ་སྲིད་ཀྱི་ཐོག་ནས་རང་དབང་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཆོས་ལུགས་ཀྱི་ཐོག་ནས་ཀྱང་ཆོས་ལུགས་སྣ་ཚོགས་ཀྱི་རྗེས་འཇུག་མི་མང་རྣམས་ཞི་བདེ་འཆམ་མཐུན་ངང་མཉམ་གནས་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་མཛད་འདུག

སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་སྐུ་ཞབས་ Sanjay Kundu མཆོག་གིས་༸གོང་ས་མཆོག་བཞུགས་སྒར་དྷརྨ་སཱ་ལཱར་༸སྐུ་བཞུགས་མཛད་པ་ནི་མངའ་སྡེར་ཐུགས་རྗེའི་གཟིགས་པ་ཆེན་པོ་མཛད་པའི་བཀྲིན་ལ་བརྟེན་ནས་མངའ་སྡེའི་མི་མང་རྣམས་ཉེན་མེད་བདེ་འཇགས་ངང་གནས་བཞིན་ཡོད་པར་སྙན་སེང་སྒྲོན་འབུལ་དང་འབྲེལ། ༸གོང་ས་མཆོག་ཁུལ་འདིར་༸སྐུ་བཞུགས་མཛད་པ་ནི་ཁོང་རྣམས་ལ་ཧ་ཅང་སྐལ་བ་བཟང་པོ་ཡིན་ཅེས་ཞུས་ཡོད།

རྩ་བའི་དེ་རིང་གི་མཇལ་ཁའི་སྐབས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་སྐུ་ཞབས་ Sanjay Kundu མཆོག་དང་ལྷན་ Inspector General སྐུ་ཞབས་ Zahur Zaidi མཆོག དྷ་སའི་སྐོར་སྲུང་སྤྱི་ཁྱབ་ལྕམ་སྐུ་ Shalini Agnihotri ལགས་དབུས་པའི་འབྲེལ་ཡོད་དཔོན་རིགས་ཁག་གཅིག་ཆེད་བཅར་ཞུས་འདུག

གཞི་རྩའི་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་ལུས་རྩལ་འགྲན་ཚོགས་ཐེངས་ ༥༢ ཏོག་དབྱིབས་རིམས་ནད་ཁྱབ་གདལ་རྐྱེན་གྱིས་ལོ་གསུམ་གྱི་རྗེས་ལ་མ་གཏོགས་ཚོགས་ཐུབ་མེད་པ་རེད། ཐེངས་འདིའི་འགྲན་ཚོགས་ཐོག་ཧི་མཱ་ཅལ་མངའ་སྡེ་ཡོངས་ནས་རྩེད་འགྲན་པ་ ༦༠༠ ལྷག་ཙམ་མཉམ་ཞུགས་གནང་གི་ཡོད་པ་དང་། ཁ་སང་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་རྩེད་འགྲན་དབུ་འབྱེད་གནང་འདུག

དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།