Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༧ དང་བོད་ཟླ་ ༡༠ ཚེས ༢༥ སྟེ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཁྱད་དང་བསྟུན་སྔ་དྲོ་ཕྱག་ཚོད་ ༨ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་སོང་བ་དང་། སྐབས་དེར་བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་མང་ཚོགས་ ༢༥༠༠ ལྷག་ཆེད་བཅར་ཞུས་འདུག

འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་དེ་རིང་མགོན་པོ་༸གང་ཉིད་མཆོག་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་པའི་གལ་གནད་སྐོར་ལ་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་དེ་རིང་མགོན་པོ་༸གང་ཉིད་མཆོག་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་མཛད་སོང་ཞེས་དེ་ལྟར་གསུངས་སོང་།

དེ་བཞིན་རིན་པོ་ཆེ་མཆོག་གིས་རྗེ་བདག་ཉིད་ཆེན་པོའི་མཛད་འཕྲིན་དང་འབྲེལ་ནས་དགའ་ལྡན་ལྔ་མཆོད་ཀྱི་དེ་ལྟ་བུའི་བྱུང་བ་ངོ་སྤྲོད་གནང་བ་དང་སྦྲགས་ཏེ། བོད་མི་རྣམས་ལ་རྗེའི་ཐུན་མིན་གྱི་མཛད་པ་དག་ལ་སློབ་གཉེར་གནང་བའི་ཐོག་ནས་རྗེའི་བཀའ་དྲིན་དྲན་དགོས་གལ་ཡིན་པ་སོགས་གསུངས་ཡོད།   

གཞི་རྩའི་དགའ་ལྡན་ལྔ་མཆོད་ནི། བོད་ཟླ་ ༡༠ ཚེས་ ༢༥ ཉིན་འབྲོག་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་༸སྐུ་ཞི་བར་གཤེགས་པའི་མྱང་འདས་ཀྱི་དུས་མཆོད་ ཉིན་མོ་ཡིན་པ་དང་། དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་པ་རེད། བོད་རབ་བྱུང་ ༧ ས་མོ་ཕག་སྟེ་ཕྱི་ལོ་ ༡༤༡༩ ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྩལ་ཏེ་རྒྱལ་ཚབ་ཏུ་བསྐོ་གཞག་མཛད་མཐར། བོད་ཟླ་ ༡༠ ཚེས་ ༢༥ ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད། དེའི་ཕྱི་ལོ་ལྕགས་བྱི་སྟེ་ ༡༤༢༠ ལོའི་ཟླ་༡༠ ཚེས་ ༢༥ ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱཻ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་པ་དུ་མས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་དུས་ད་ལྟར་བར་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་། གླིང་མེ་བཀར་བའི་སྲོལ་བྱུང་ཡོད་པ་རེད། ༧སྐུ་པར་བདག་དབང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།