༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས།

Tibetan News Headlines

Geshe Jampa Lobsang: Bridging Cultures

ཪེས་གཟའ་ཉི་མ། ༢༠༢༦།༠༤།༠༥

དགོན་པ་གྲྭ་ཚང་ལས་འདས་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་དགེ་བཤེས།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་གཙང་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བསྐྱངས་གནང་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་ཁྲོད། ཚོགས་པ་སྐྱིད་སྡུག་གསུམ་ཐུན་མོང་ནས་༸མགོན་པོ་མཆོག་ལ་དངུལ་ལས་གྲུབ་པའི་སྒྲོལ་དཀར་གྱི་སྐུ་བརྙན་ཞིག་ཕུལ་སོང་བ་མ་ཟད། དབུས་གཙང་དབུས་ས་གཉིས་ནས་༸གང་ཉིད་མཆོག་ལ་འཇིག་རྟེན་ཀུན་ཁྱབ་ཞེས་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་དང་༸གོང་ས་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་མྱུར་དུ་འཁོད་ཐུབ་པའི་སྨོན་འདུན་སོགས་མཚོན་པའི་གཟེངས་རྟགས་ཤིག་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་ནས་ནོར་བུ་པདྨ་ཅན་ཞེས་པའི་སྐུ་མདུན་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པ་དང་༸གང་ཉིད་མཆོག་དགུང་གྲངས་ ༡༣༥ སྐུ་བཞུགས་མཛད་ཐུབ་པ་སོགས་མཚོན་པའི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་སོང་།

རྩ་བའི་དེ་རིང་གི་བརྟན་བཞུགས་ཐོག་ཐོ་གཞུང་ནང་འཁོད་པ་གཞིར་བཟུང་ལྟར་ན། དབུས་གཙང་དབུས་ས་གཉིས་ཀྱི་སེར་སྐྱ་མི་གྲངས་ ༥༠༠ ལྷག་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་ནས་སེར་སྐྱ་མི་གྲངས་ ༡༠༠ མ་ཟིན་ཙམ། དེ་བཞིན་མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་གི་སེར་སྐྱ་མི་གྲངས་ ༤༥༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་མིན་བཞུགས་སྒར་གྱི་མི་མང་ཚུད་པའི་ཕྱི་རྒྱལ་མི་སྣ་བཅས་ཁྱོན་མང་ཚོགས་སྟོང་ཕྲག་གཅིག་ལྷག་ཆེད་ཕེབས་གནང་ཡོད་པ་རེད་འདུག

འདི་གའི་གསར་འགོད་པས་དེ་རིང་གི་བརྟན་བཞུགས་བསྟར་འབུལ་ཞུ་མཁན་དབུས་གཙང་དབུས་ས་གཉིས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། མདོ་ཁམས་རྫ་ཆུ་ཁའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་སྐུ་ཚབ་ཚོགས་གཞོན་དགེ་བཤེས་དར་རྒྱས་ལགས། དེ་བཞིན་སྐྱིད་གྲོང་སྐྱིད་སྡུག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་བསོད་ནམས་ཕུན་ཚོགས་ལགས་བཅས་སུ་བཀའ་འདྲི་ཞུ་སྐབས།  ཁོང་རྣམ་པ་གསུམ་ཀའི་ངོས་ནས་ཐེངས་འདིའི་བརྟན་བཞུགས་ཧ་ཅང་གི་ཡག་པོ་དང་འདོད་བློ་ཁེངས་པ་ཞིག་བྱུང་སོང་བ་འགྲེལ་བརྗོད་དང་འབྲེལ། བརྟན་བཞུགས་བསྟར་འབུལ་གྱི་གོ་སྒྲིག་དེ་བཞིན་ཚོགས་པ་སྐྱིད་སྡུག་གསུམ་ཐུན་མོང་ནས་ཐོག་མཐའ་བར་གསུམ་དུ་འཆམ་མཐུན་མཉམ་ལས་ཐོག་གནང་ཡོད་པས་ཆིག་སྒྲིལ་གྱི་ནུས་པ་མཚོན་གྱི་ཡོད་པ་ལྟར། མང་ཚོགས་ནས་ཀྱང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པའི་ཐོག་ནས་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྤྱི་ཚོགས་མཐུན་སྒྲིལ་དང་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་སོང་། 

Dalai Lama Attends Long-Life Prayer Offering by U-Tsang Cholkha, Dokham Zachuka Association, and Kyidong Welfare Association
Dalai Lama Attends Long-Life Prayer Offering by U-Tsang Cholkha, Dokham Zachuka Association, and Kyidong Welfare Association
Dalai Lama Attends Long-Life Prayer Offering by U-Tsang Cholkha, Dokham Zachuka Association, and Kyidong Welfare Association

འབྲེལ་ཡོད་གསར་གནས།

གསར་གནས།