Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ལ་དྭགས་ཀྱི་ཁྲིག་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུག

དེ་ཡང་ཕྱི་ཚེས་ ༢༨ རེས་གཟའ་པ་སངས་ཉིན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གོ་ལའི་ཁྱོན་དུ་ཞི་བདེ་དང་བློ་གྲོས། རྣམ་དཔྱོད་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་མགོན་པོ་༸གང་ཉིད་མཆོག་ནི་དགེ་བའི་བཤེས་གཉེན་དང་མཁྱེན་པའི་བདག་ཉིད་སློབ་སྟོན་པའི་འབྲེལ་བ་ཡོད་པ་དང་། ཁྱད་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ཚོས་༸གོང་ས་མཆོག་ནི་༸རྒྱལ་བ་ཡིད་བཞིན་ནོར་བུ་དང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་འདུག

རིན་པོ་ཆེ་མཆོག་གིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་སུ་མཛད་འཕྲིན་བསྐྱངས་ཁག་གིས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མང་ཚོགས་དག་ལ་ཕན་ཐོགས་ཆེས་ཆེར་བྱུང་ཡོད་སྐོར་ངོ་སྤྲོད་ཚུལ་དུ་ཞིབ་རྒྱས་བཀོད་པ་དང་སྦྲགས། ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་རྣམས་ནི་ཆོས་དང་རིག་གཞུང་ཐོག་ནས་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལནྡཱ་ལས་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་མང་ཚོགས་གཙོས་པའི་འབྲས་ལྗོངས་དང་ཧི་མཱ་ཅལ་མངའ་སྡེ། དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེ་སོགས་ལ་ཆིབས་བསྒྱུར་བཀྲིན་ལན་མང་བསྐྱངས་གནང་མཛད་དེ་མང་ཚོགས་ལ་བཀའ་ཆོས་དང་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་མཛད་དེ་ཐུན་མོང་གི་ཆོས་རིག་གི་ནུས་པ་ཇེ་ཆེར་འཕེལ་ཡོད་པར་འགྲེལ་བརྗོད་དང་འབྲེལ། དེས་ན་ང་ཚོས་༸གོང་ས་མཆོག་ལ་བཀྲིན་བསམ་ཤེས་ཞུ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ལ་ད་ཆ་གཞུང་འབྲེལ་གྱི་སྒོ་ནས་ཆེ་བསྟོད་ཞུ་རྒྱུ་མཉམ་འབྲེལ་གྱི་ནུས་པ་འདོན་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་འདུག

དེ་འབྲེལ་རིན་པོ་ཆེ་མཆོག་གིས་སྐུ་ཉིད་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ལ་དྭགས་ཁུལ་གྱི་དགོན་པའི་སྤྱི་ཚོགས་ཀྱི་སྐུ་ཚབ་བགྲེས་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོས་འདུན་དང་བཅས་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མཆོག་ལ་ཞུ་སྐུལ་ཕྱག་ཡིག་ཕུལ་བ་མ་ཟད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ཀུན་ནས་ཀྱང་རང་ཉིད་གནས་སའི་ས་གནས་ཀྱི་དབུ་ཁྲིད་རྣམས་ལ་དེ་དོན་ཞུ་སྐུལ་གནང་དགོས་པའི་སྐུལ་མ་གནང་བ་དང་། བྱམས་བརྩེ། སྙིང་རྗེ། ཤེས་རབ་ཀྱི་བདག་ཉིད་༸གོང་ས་མཆོག་ལ་དེ་ལྟ་བུའི་གཟེངས་རྟགས་དེ་འབུལ་ལམ་ཞུ་ཐུབ་ཚེ་དེ་ནི་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་ཙམ་མ་ཡིན་པར་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཆེར་འཛིན་པའི་རིན་ཐང་ཁག་དང་དེའི་ཐོུང་མ་ཡིན་པའི་རིག་གཞུང་ལའང་ཆེ་བསྟོད་བླ་མེད་ཞུས་པ་ཞིག་མཚོན་གྱི་ཡོད་སྐོར་གསུངས་འདུག

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་དབར་དྲྭ་ལམ་ཚོགས་འདུ་ཞིག་ཚོགས་ཡོད་པའི་ཐོག་ཏུའང་མགྲིན་དབྱངས་གཅིག་གི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་པེ་ཅིང་ནང་གི་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་ལྕམ་ Nirupama Rao ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་གནས་ཐོག་དགོས་འདུན་དེ་རང་ཆེད་བཏོན་དང་འབྲེལ་ནས་༸གོང་ས་མཆོག་གིས་དུས་ཀུན་ཏུ་མང་གཙོ་དང་གཞི་རྩའི་རང་དབང་ལ་ཡིད་ཆེས་མཛད་ཐོག་བྱམས་བརྩེ་དང་སྙིང་སྟོབས་ཀྱི་ལམ་ནས་འགྲོ་བ་མིར་ཞབས་འདེགས་བླ་མེད་བསྐྱངས་དང་སྐྱོང་བཞིན་པ་དང་། དེ་དག་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་ནམ་ཡང་རྩ་ཆེར་འཛིན་པའི་རིན་བྲལ་ཞིག་ཡིན་སྟབས་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་འདི་འབུལ་ལམ་ཞུ་ན་ཆེས་འོས་པ་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།