Tibetan Royal Year of 2151 | Year of the Wood Dragon

༸དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཚེས་ ༢ ཉིན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགུལ་ཆམ་ཕྲན་བུ་བཞེས་པར་བརྟེན། སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་༸རྒྱལ་བ་རིན་པོ་ཆེའི་༸སྐུ་ཚབ་ཏུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ལས་ཀྱི་སྣེ་མོ་རྣམས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་ཞུས་ཏེ་བཞུགས་ཁྲིར་འཁོད་མཚམས་སུ་མཎྜལ་འདེགས་འབུལ་དང་འབྲེལ་གསུང་ཆོས་དབུ་འཛུགས་མཛད་སོང་།

༸དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དབུ་འཛུགས་མ་གནང་བའི་སྔོན་དེར་དགེ་བའི་བྱ་བ་གང་བྱེད་ཀྱང་ཐོག་མ་ཀུན་སློང་བཅོས་དགོས་གལ་ཡིན་པ་དང་། དེའི་བརྒྱུད་ནས་དགེ་བ་གང་བསགས་པ་རྣམས་རྫོགས་བྱང་དུ་བསྔོ་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་སྩལ་སོང་།

དེ་བཞིན་ལེན་གཅིག་ཐོབ་པའི་དལ་འབྱོར་གྱི་མི་ལུས་རིན་ཆེན་དེ་འཁོར་བའི་ཕུན་ཚོགས་ལ་མ་ཆགས་པར་མ་འགྱུར་སེམས་ཅན་ཐམས་ཅད་རྣམས་སྡུག་བསྔལ་ལས་བྲལ་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་པ་དང་། དེ་ཐོབ་པར་བྱ་བ་ལ་ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་དགོས་པ་། དེའང་ཐོས་བསམ་སྒོམ་གསུམ་རིམ་པར་འགྲོ་དགོས་པ་མ་ཟད། བྱང་ཆུབ་ལམ་རིམ་གྱི་ཁྱད་པར་ནི། ཆོས་ཁུངས་བཙུན་པར་བསྟན་པའི་མཛད་པ་པོའི་ཆེ་བ་དང་། གདམས་ངག་ལ་གུས་པ་སྐྱེས་ཕྱིར་ཆོས་ཀྱི་ཆེ་བ། ཆོས་ལ་ངེས་ཤེས་ཇི་ལྟར་བྱ་བའི་ཚུལ། དེ་བཞིན་གདམས་པ་དངོས་ཀྱི་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་བཅས་ས་བཅད་བཞི་ངོ་སྤྲོད་རྗེས་གསུངས་ཆོས་དབུ་འཛུགས་གནང་སོང་།

རྩ་བའི་དེ་རིང་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་གཏན་ཁེལ་ཡོད་ཀྱང་། ཁ་སང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བར། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགུལ་ཆམ་ཕྲན་བུ་བཞེས་པར་བརྟེན། སྐུའི་བླ་སྨན་པས་མགོན་པོ་གང་ཉིད་མཆོག་ལན༸སྐུ་ངལ་གསོ་བཞུགས་མཛད་དགོས་པའི་ཇི་ལྟར་དགོངས་འཆར་ཕུལ་བ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་སྟབས། བཀའ་ཆོས་ཀྱི་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་འཁེལ་ཡོད་ཡོངས་གྲགས་གནང་ཡོད།

འདི་ག་རླུང་འཕྲིན་ཁང་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ Hu ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་འདས་པའི་འགའ་ཤས་སྔོན་ནས་ང་ཚོ་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མདུན་ནས་བཀའ་ཆོས་གསན་པར་ལོ་ལྟར་བཅར་གྱི་ཡོད་པ་དང་། ཐེངས་འདིར་ང་ཚོས་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་གསོལ་འདེབས་ཞུ་དོན་ནི། ང་ཚོ་ཐའེ་ཝན་དུ་ལམ་རིམ་ཐོག་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། དེ་རིང་༸དགའ་ལྡན་ཁྲི་རིན་པོ་མཆོག་གི་སྐུ་མདུན་ནས་གཞན་ཕན་སྒྲུབ་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མྱུར་དུ་སྐུ་གཟུགས་དྲག་སྐྱེད་ཆེད་ང་ཚོས་ཚོགས་བསགས་སྒྲིབ་བྱང་མང་དུ་བྱ་དགོས་གལ་ཡིན་པ་གསུངས་སོང་།

གཞི་རྩའི་ཐེངས་འདི་ཆོས་འབྲེལ་ཐོག་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ ༡༥༠༠ ལྷག་དང་། དད་ལྡན་ཆོས་ཞུ་བ་གཞན་བརྒྱ་ཕྲག་འགའ་ཤས་ལྷན་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།