Tibetan Royal Year of 2151 | Year of the Wood Dragon

༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གནང་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དྷརྨ་ས་ལར་རྟེན་གཞི་བྱས་པའི་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་ ༡༢ ལ་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན་རིམ་པས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བའི་ལྟེ་གནས་ལྟ་བུར་གྱུར་ཡོད་སྟབས་དགོན་པ་ཡོངས་རྫོགས་བཀག་སྐྱིལ་ས་ཚིགས་ངོས་འཛིན་གྱིས་དམ་དྲག་གནང་མུས་རེད་འདུགཧི་མཱ་ཅལ་མངའ་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་རིམ་བཞིན་ཇེ་ཉུང་འགྲོ་མུས་ཁྲོད་འདིར་དྷརྨ་ས་ལར་རྟེན་གཞི་བྱས་པའི་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་མེད་བརྟག་དཔྱད་གནང་འབྲས་སུ་དགེ་འདུན་པ་ ༡༢ ལ་གཉན་རིམས་དེ་ཕོག་པའི་ནད་རྟགས་ཐོན་འཕྲལ་མངའ་སྡེ་གཞུང་གིས་སྒྲིག་དོན་ ༡༤༤ དགོངས་དོན་འོག་ད་ལྟའི་ཆར་གྲྭ་ཚང་རང་ལ་དགེ་འདུན་པ་ཁྱོན་ ༤༠༠ ཙམ་ཡོད་སྟབས་རིམ་པས་དགེ་འདུན་པ་ནང་ཕན་ཚུལ་དབར་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་སྲིད་པའི་རང་བཞིན་ལས་མ་འདས་པར་བརྟེན་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གཙོས་ཉེ་འཁོར་གྱི་ས་ཚིགས་ཁག་ཅིག་ Containment zone ཞེས་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གྱིས་དམ་དྲག་གནང་བཞིན་འདུགརྩ་བའི་ཟླ་བ་འདིའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ནས་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་རམས་པའི་སློབ་གཉེར་གནང་བར་ཕེབས་མཁན་དགེ་བཤེས་རྣམས་ཕེབས་རིམ་བཞིན་ཟུར་བཀག་དུ་བཞུགས་མུས་ཡིན་པ་རེད་འདུགགཞི་རྩའི་ད་བར་རྒྱ་བལ་གཉིས་སུ་བོད་མི་ ༡༥༤༠ ལ་གཉན་རིམས་དེ་ཕོག་ཡོད་པ་དང་། ནད་པ་དེ་དག་གི་ཁོངས་སུ་ ༡༤༨༠ དྲག་སྐྱེད་བྱུང་ཡོད་ཀྱང་། བོད་མི་ ༤༡ འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚཱུལ་ཐོན་ཡོད་པ་རེད། ད་ལྟའི་གཉན་རིམས་དེས་མནར་བཞིན་པ་བོད་མི་ ༡༩ ཆགས་ཀྱི་ཡོད་པ་རེད། རྒྱ་གར་ནང་དུ་རྒྱ་གར་གྱི་འཕྲོད་བསྟེན་ཆེད་ལས་པ་དང་མདུན་ཐོན་ཞབས་ཞུ་བ་གཙོས་བོད་མིའི་འཕྲོད་ལས་པ་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ Covishield བརྒྱབ་རྒྱུ་དབུ་འཛུགས་གནང་ཡོད་པ་ལྟར།ད་བར་བོད་མི་ཁྱོན་ ༤༠༦ ལ་སྔོན་ཁབ་བརྒྱབ་ཡོད་པར་མ་ཟད་འདས་པའི་བདུན་ཕྲག་ནང་བོད་མི་ ༦༠ ལསྔོན་ཁབ་བརྒྱབ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།