Tibetan Royal Year of 2151 | Year of the Wood Dragon

༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་༸གོང་ས་མཆོག་གི་མཛད་རྣམ་སྐོར་གློག་བརྙན་བཟོ་འཆར།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་སྐུ་ཞབས་ Abhishek Dudhaiya ལགས་དང་ཁོང་གི་ཕྱག་རོགས་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་པ་སྐུ་ཞབས་ Jay  Patel ལགས་རྣམ་གཉིས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་དང་༸གོང་ས་མཆོག་རྒྱ་གར་ལ་ཉེན་ཡོལ་དུ་ཆིབས་བསྒྱུར་མཛད་ཕྱོགས་སྐོར་ལ་སྒྲུང་གཏམ་གློག་བརྙན་བཟོ་རྒྱུ་མ་ཟད། ལས་གཞི་དེའི་ཆེད་དེ་རིང་གློག་བརྙན་བཟོ་སྐྲུན་པ་རྣམ་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་དང་ཐུགས་སྨོན་སྐྱབས་འཇུག་ཞུས་འདུག

སྐུ་ཞབས་ Dudhaiya ལགས་ནི་ Bhuj-The pride of India ཞེས་དམག་གི་གློག་བརྙན་ཆེ་གྲས་བཟོ་སྐྲུན་གནང་མྱོང་ཡོད་པ་མ་ཟད། ཁོང་གིས་སྐུ་ཞབས་ Jay Patel ལགས་དང་ལྷན་དུ་སྔ་ལོ་ I am gonna tell god everything ཞེས་སིརྱའི་ དམག་འཁྲུག་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་བཟོ་སྐྲུན་གནང་མྱོད་ཡོད་པ་རེད།

ཁོང་རྣམ་གཉིས་ནས་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཟིན་མཚམས་སུ་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་བའི་ཁྲོད་སྐུ་ཞབས་ Dudhaiya ལགས་ཀྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུ་དམིགས་གཙོ་བོ་ནི་ངེད་གཉིས་ཀྱིས་རྒྱ་ནག་གི་ཆེས་དམ་བསྒྲགས་བཀག་ཉར་འོག་ཡོད་པའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་མཛད་རྣམ་གསལ་བའི་དངོས་བྱུང་གློག་བརྙན་ཞིག་དང་། དེ་བཞིན་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་བཟོ་རྒྱུའི་ལས་འཆར་རགས་ཟིན་སྙན་སེང་དང་ཐུགས་སྨོན་སྐྱབས་འཇུག་མཛད་པའི་གསོལ་འདེབས་ཞུ་ཆེད་བཅར་བ་བཞིན་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་སོང་ཞེས་གསུངས་སོང་། དེ་སྔ་པ་ཀིས་ཐན་དང་རྒྱ་གར་གཉིས་སོ་སོར་ཁ་གྱེས་སྐབས་ཁོང་རང་ཉིད་ཀྱི་ནང་མི་ཁག་གཅིག་གི་ཚེ་སྲོག་ཤོར་མྱོང་ཡོད་པ་སོགས་ཉེས་མེད་མང་ཚོགས་ཁྲོད་ངལ་བ་ཇི་སྙེད་ཅིག་འཕྲད་མྱོང་ཡོད་པའི་གནས་སྟངས་དེ་ཉིད་སེམས་ཚོར་ཆེན་པོས་གསུངས་པ་དང་སྦྲགས། རྒྱ་གཞུང་གི་བཙན་གནོན་འོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་འཁོར་དང་བཅས་པར་མི་སྤྱོད་ལས་འདས་པའི་གཉའ་གནོན་དྲག་པོ་ཕོག་བཞིན་པའི་གནས་བབ་དེ་དག་འཛམ་གླིང་ཧྲིལ་པོར་ཤེས་ཐབས་ཆེད་གློག་བརྙན་བཟོ་སྐྲུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

སྐུ་ཞབས་ Dudhaiya ལགས་དང་ Patel ལགས་རྣམ་གཉིས་ཀྱིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ནས་རྒྱ་གར་དུ་ཉེན་ཡོལ་ཆེད་བཙན་བྱོལ་ལ་ཇི་ལྟར་ཕེབས་ཚུལ་གྱི་མཛད་རྣམ་གསལ་བའི་སྒྲུང་གཏམ་གློག་བརྙན་དེ་བཟོ་བསྐྲུན་གནང་རྒྱུར་ལོ་གཅིག་དང་ཕྱེད་ཀ་ཙམ་འགོར་བར་ཚོད་དཔག་གནང་བཞིན་འདུག་པ་དང་། གློག་བརྙན་དེའི་འགྲོ་གྲོོན་ཧིན་སྒོར་བྱེ་བ་ ༦༠༠ ཙམ་ཡིན་པར་འགྲེལ་བརྗོད་གནང་སོང་།

གཞི་རྩའི་སྐུ་ཞབས་ Patel ལགས་ཀྱིས་དེ་སྔོན་སིརྱའི་ནང་གི་དམག་འཁྲུག་དང་འབྲེལ་བའི་གློག་བརྙན་བཟོ་སྐྲུན་གནང་རྗེས་གསར་འགོད་པར་མ་འོངས་པའི་ལས་གཞི་སྐོར་ལ་འགྲེལ་བརྗོད་གནང་སྐབས། ཁོང་གིས་གོ་ལའི་མི་ཐེར་འབུམ་བདུན་ཡོངས་རྫོགས་ཁྱིམ་ཚང་གི་ནང་མིར་ངོས་འཛིན་གནང་གི་ཡོད་པ་དང་། སླད་མར་གློག་བརྙན་གང་ཞིག་བཟོ་སྐྲུན་ཞུས་ཀྱང་ཁོར་ཡུག་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་མཚོན་པའི་མི་ཆོས་རིང་ལུགས་དང་འབྲེལ་བའི་གློག་བརྙན་བཟོ་སྐྲུན་ཞུས་ཏེ་མི་རབས་གཞོན་པ་རྣམས་ལ་ཕུགས་རྒྱང་རིང་པོར་བག་ཆགས་འཇོག་ཐབས་ཀྱི་འདུན་པ་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།