Tibetan Royal Year of 2151 | Year of the Wood Dragon

ཀོ་རི་ཡའི་དད་ལྡན་རྣམས་ལ་སྙིང་རྗེ་གོང་འཕེལ་གནང་དགོས་པའི་ལམ་སྟོན་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་༸རྒྱལ་བའི་བཞུགས་གནས་སུ་ཀོ་རི་ཡའི་དད་ལྡན་མཇལ་བཅར་བ་བརྒྱ་ཁྲག་བརྒལ་བར་དམིགས་བསལ་མཇལ་ཁ་སྩལ་བ་དང་འབྲེལ། སྙིང་རྗེ་གོང་འཕེལ་ཡོང་བར་འབད་བརྩོན་གནང་དགོས་པའི་ལམ་སྟོན་མཛད་འདུག

༸དཔལ་ལྡན་དགའ་ལྡན་ཡིག་ཚང་གིས་མཇལ་མང་དང་འབྲེལ་བའི་བརྙན་པར་འདོན་སྤེལ་གནང་བའི་ནང་། ༸གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་དེ་དག་ལ་ནང་སེམས་ཀྱི་ཞི་བདེ་ཞེས་པ་དེ་སྨོན་ལམ་གཅིག་པོའི་ཐོག་ནས་ཡོང་ཐབས་མེད་པར་བསྐྱར་ནན་མཛད་པ་དང་འབྲེལ། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཕྱི་ནས་མ་ཡིན་པར་ནང་བསམ་བློའི་ཐོག་ནས་ཡོང་གི་ཡོད་སྟབས་དེ་ངོ་འཛིན་ནས་གཙོ་བོ་རང་ཉིད་ཀྱི་སེམས་རྒྱུད་ལ་བྱམས་སྙིང་རྗེའི་བློ་གོང་འཕེལ་གནང་གལ་ཆེ་སྐོར་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་བྱུང་ན་ཚེ་སྒྲུབ་ངོ་མ་དེ་ཆགས་ཀྱི་ཡོད་ཅེས་བཀའ་བ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ཉིན་ལྟར་གཞན་ཕན་གྱི་དགོངས་བཞེས་མཛད་ཀྱི་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་འཚེ་བྱེད་མཁན་རྣམས་ལ་རྨོངས་པའི་གཞན་དབང་དུ་སོང་ནས་དེ་ལྟར་བྱས་པར་བརྟེན་སྙིང་རྗེ་སྒོམ་པ་མ་གཏོགས་ཁོང་ཁྲོའི་དགོངས་པ་བཞེས་མྱོང་མེད་པར་བཀའ་སྩལ་མཛད་འདུག

དེ་དོན་ཀོ་རི་ཡའི་དད་ལྡན་རྣམས་ནས་ཨ་མའི་ནུ་ཞོར་བརྟེན་པའི་བྱམས་བརྩེའི་བློ་དེ་ཉིད་གོང་ནས་གོང་དུ་སྤེལ་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་ཞེས་ལམ་སྟོན་མཛད་པར་མ་ཟད། ཀོ་རི་ཡའི་དད་ལྡན་རྣམས་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་གཅིག་གྱུར་ཆགས་ཡོད་སྟབས་འཛམ་གླིང་སྟེང་བྱམས་བརྩེ་གོང་འཕེལ་གནང་རྒྱུ་ནི་ང་ཚོའི་ལས་འགན་རེད་ཅེས་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རྗེས་དད་ལྡན་རྣམས་ཀྱི་ཁྲོད་ནས་མོ་དང་རྩིས་སྐོར་རྒྱུའི་དགེ་སྐྱོན་དང་། སེམས་ལ་བཟོ་བཅོས་ཇི་ལྟར་གནང་ཚུལ་སོགས་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་སུ་ཀོ་རི་ཡའི་དད་ལྡན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱི་ཆེད་དུ་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།