Tibetan Royal Year of 2151 | Year of the Wood Dragon

ཀོ་ལི་གྷལ་ས་གཞོན་མ་གཏོགས་གཞན་ལྔ་གཞོན་ལྷན་ཁྱབ་ཁོངས་སུ་སླར་ཞུགས་པ།

Tibetan News Headlines

  • རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Kangana Ranaut ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།
  • སྲིད་སྐྱོང་མཆོག་གིས་ Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་མོལ་གནང་འདུག
  • Milton Keynes ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ Philadelphia རུ་བོད་རང་བཙན་གྱི་ལས་འགུལ།
  • འཇར་མན་སྲིད་བློན་མཆོག་གི་ཕྱོགས་བསྐྱོད་དེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག
  • བལ་ཡུལ་ནས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་ནན་པོ་བྱ་དགོས་པ་བརྗོད་འདུག
  • དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ཆག་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་འདུག

Monday 15/04/2024

  • Kangana Ranaut receives audience with the Dalai Lama
  • Sikyong Penpa discusses human rights in Tibet with leaders of Bloc Québécois, visits Boston
  • Tibetan national flag hoisted at Milton Keynes, Tibetan independence protest at Philadelphia
  • Chancellor’s Visit a Test for Berlin’s Resolve on its China Strategy: Rights group
  • Nepal sounds alarm over Chinese encroachment, calls for international intervention
  • CTA announces extension of ‘Chatrel’ exemption, urges Tibetans not to miss out the opportunity

དེ་སྔ་ཕྱི་ལོ་ ༢༠༡༣ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་ས་གནས་བརྒྱད་ཀྱི་གཞོན་ལྷན་གྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ནས་ཕྱིར་ཐོན་གནང་བའི་གནས་ཚུལ་བྱུང་བ་དང་སྦྲགས། ཕྱི་ལོ་ ༢༠༡༦ ལོར་ས་གནས་གཉིས་ཀྱི་ངོས་ནས་སླར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་འཛུལ་ཞུགས་གནང་ཡོད་ཀྱང་ལྷག་མ་རྣམས་དེ་ལྟར་གནང་ཐུབ་མེད་པ་དེ་ལྟར་ནའང་ད་ཆ་ས་གནས་དྲུག་གི་ཁོངས་ནས་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་གཞོན་ལྷན་མ་གཏོགས་གཞན་རྣམས་གཞོན་ལྷན་གྱི་ཁྱབ་ཁོངས་སུ་སླར་འཛུལ་ཞུགས་གནང་ཐུབ་པ་བྱུང་འདུག

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཡིག་ཚང་དུ་སྔ་དྲོ་ཚོུད་ ༡༡ ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ལོའི་གཞོན་ལྷན་ཚོགས་ཆེན་སྐབས་ ༡༥ དང་འབྲེལ་བའི་གཞོན་ལྷན་ནང་ཁུལ་གྱི་དཀའ་ངལ་ཞིག་ལ་བརྟེན་ནས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། སྤོན་ཊོ། ཌལ་ཧོར། ལ་དྭགས་བཅས་ས་གནས་བརྒྱད་ཀྱི་གཞོན་ལྷན་གྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ནས་ཕྱིར་ཐོན་ཡོད་པ་དང་། ནང་ཁུལ་གྱི་དཀའ་ངལ་སེལ་ཐབས་དང་འགྲིག་འཇགས་ཡོང་སླད་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་ས་ཐོག་ཏུ་སྔ་རྗེས་སུ་རིམ་བཅར་གནང་མཐར་ཕྱི་ལོ་ ༢༠༡༦ ལོར་སྦེང་ལོར་དང་མོན་གྷོ་ས་གནས་གཞོན་ལྷན་གཉིས་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་སུ་སླར་ཞུགས་ཐུབ་པ་བྱུང་ཡོད། ས་གནས་དྲུག་གི་དཀའ་ངལ་སེལ་སླད་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་སྐབས་ ༡༧ པའི་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་དྲུང་ཆེ་ལ་དྭགས་ལ་ཆེད་བཅར་གྱིས་བཀའ་བསྡུར་གནང་དོན་ལྟར་ལ་དྭགས་ས་གནས་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་སུ་སླར་ཞུགས་ཀྱིས་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༠ པར་མཉམ་ཞུགས་གནང་ཡོད་པར་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པ་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གཙོས་རྒྱུན་ལས་གཞན་ཁག་གཅིག་ས་གནས་ལ་ཆེད་བཅར་ཞུས་ཏེ་ད་ཆ་ཀོ་ལི་གྷལ་ས་གཞོན་མ་གཏོགས་སྦེལ་ཀོབ་དང་ཧུན་སུར། སྤོན་ཊོ། ཌལ་ཧོར། ལ་དྭགས་བཅས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་སླར་གསོ་ཐུབ་ཡོད་སྐོར་གསུངས་ཡོད།

དེ་བཞིན་ཀོ་ལོ་གྷལ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་མང་དག་ཅིག་ནས་ད་ལྟའི་གནས་སྐབས་སུ་ཁོང་རྣམ་པའི་མངོན་འདོད་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས་པར་བརྟེན་མང་ཚོགས་ཀྱི་མངོན་འདོད་ལ་དང་ལེན་ཞུས་སྟབས་ས་གནས་གསར་འཛུགས་ཐུབ་མེད་པ་དང་། ལྷག་པར་གཞོན་ལྷན་དབུས་ཀྱི་ཁྱབ་ཁོངས་སུ་མེད་པར་ཟུར་དུ་མུ་མཐུད་བཞུགས་ཚེ་འབྲེལ་ཡོད་ཚོས་ད་ནས་བཟུང་གཞོན་ལྷན་སྒྲིག་འཛུགས་ཀྱི་མཚན་བྱང་མི་སྤྱོད་པའི་རེ་སྐུལ་ཞུས་ཡོད་ཅེས་གསུངས་སོང་། ད་ཆ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ནང་ཁུལ་གྱི་དཀའ་ངལ་སེལ་བ་དང་འགྲིག་འཇགས་གནང་ཐུབ་པ་དང་། ལྷག་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ནང་ཁུལ་གྱི་རྙོག་གླེང་ཆེ་ཆུང་ལ་མ་ལྟོས་པར་གུ་ཡངས་དང་བསམ་ཤེས་ཐོག་ནས་ངལ་བ་གང་འཕྲད་ཀྱང་དེ་སེལ་ཐུབ་པའི་གོ་སྐབས་དང་ནུས་པ་ལྡན་ཡོད་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།