Tibetan Royal Year of 2151 | Year of the Wood Dragon

ཀླད་པའི་སྐོར་གྱི་ཤེས་ཡོན་དང་ལྷན་དུ་ཤེས་པའི་སྐོར་ལ་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་མཛད་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་ཅན་གྱི་ཤེས་པ་དང་འབྲེལ་བའི་ཆེས་ཐོག་མའི་ལྷན་ཚོགས་དབུ་འཛུགས་གནང་ཡོད་པ་རེད།

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚོགས་བཅར་བ་རྣམས་ལ་ཀླད་པའི་སྐོར་གྱི་ཤེས་ཡོན་དང་ལྷན་དུ་ཤེས་པའི་སྐོར་ལ་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཁ་སང་དབུ་འབྱེད་མཛད་སྒོ་སྐབས་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བར་༸གོང་ས་མཆོག་གིས་སྐབས་དེར་ལྷན་ཚོགས་དེ་དང་འབྲེལ་ནས་ནུབ་ཕྱོགས་པས་ཕྱིའི་དངོས་པོའི་གནས་ཚུལ་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། ཤར་ཕྱོགས་པ་དང་ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ནང་སེམས་དང་ཤེས་པའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་རིམ་བཞིན་ཤེས་ཡོན་གྱི་ལམ་ལུགས་གཉིས་པོ་ཟུང་སྦྲེལ་གནང་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད་པར་ལམ་སྟོན་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ནུབ་ཕྱོགས་པའི་ཀླད་པའི་ཚན་རིག་པ་ཚོས་ཀླད་པའི་དབང་རྩ་སོགས་ལ་ཤེས་རྟོགས་གཏིང་ཟབ་ཐུབ་པ་ཁོ་ན་མི་འགྲིག་པར་ནང་ཤེས་པའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་དགོས་ཞེས་ལམ་སྟོན་མཛད་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡཱའི་མཁས་པ་རྣམས་ཀྱིས་ཤེས་པ་སྐོར་གྱི་ཕྱག་དཔེ་དུ་མ་མཛད་ཡོད་ཅེས་ངོ་སྤྲོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་ཤེས་པའི་བསླབ་གཞི་དང་འབྲེལ་བའི་ཉམས་བཞེས་མཛད་ཀྱི་ཡོད་པ་ལྟར་དེས་༸སྐུའི་འཕྲོད་བཞེས་ལའང་ཕན་ཐོགས་ཆེན་པོ་འདུག་ཅེས་བཀའ་སྩལ་འདུག

གཞི་རྩའི་ལྷན་ཚོགས་ཐོག་ཨ་རི་དང་ཁེ་ན་ཌ། ཨུ་རུ་སུ། རྒྱ་གར་སོགས་རྒྱལ་ཁབ་ཁག་ ༡༥ ནས་སེམས་ཅན་གྱི་ཤེས་པའི་ཐོག་ཆེད་མཁས་མི་སྣ་གསུང་བཤད་པ་ ༢༣ དང་། དེ་བཞིན་ཚོགས་བཅར་བ་ཁྱོན་མི་གྲངས་ ༦༠ ལྷག་མཉམ་ཞུགས་གནང་འདུག  

དེ་རིང་མཇལ་མང་སྐབས་༸གོང་ས་མཆོག་གིས་བོད་མི་ཁག་གཅིག་ལ་བཀའ་སློབ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།