Tibetan Royal Year of 2151 | Year of the Wood Dragon

དཀར་མཛེས་ཁུལ་གྱི་བོད་ཡིག་སློབ་འབྲིང་ཁག་ཏུ་བོད་ཡིག་སློབ་མཚམས་གཞག་དགོས་པའི་བཙན་བཀའ་བཏང་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ལོ་ནས་བོད་དཀར་མཛེས་ཁུལ་གྱི་བོད་ཡིག་སློབ་འབྲིང་ཁག་ལྔའི་ནང་བོད་ཡིག་སློབ་མཚམས་གཞག་དགོས་པའི་བཙན་བཀའ་བཏང་འདུག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། འདི་ལོའི་ཕྱི་ཟླ་ ༣ ནང་དཀར་མཛེས་ཁུལ་གྱི་ཤེས་ཡོན་ལྷན་ཁང་ནས་ཁུལ་དེར་བོད་ཡིག་སློབ་ཁྲིད་གནང་བཞིན་པའི་དར་མདོ་བོད་ཡིག་སློབ་འབྲིང་དང་ལྕགས་ཟམ་རྫོང་བོད་ཡིག་སློབ་འབྲིང་། དཀར་མཛེས་རྫོང་། དེ་བཞིན་ཉག་ཆུ་རྫོང་དང་སྡེ་དགེ་རྫོང་བཅས་ཀྱི་བོད་ཡིག་འབྲིང་རིམ་སློབ་གྲྭ་སོགས་སུ་བརྡ་ཁྱབ་བཏང་བའི་བརྒྱུད། ཕྱི་ལོ་ ༢༠༢༤ ནས་སློབ་གྲྭ་དེ་དག་ནང་བོད་ཡིག་སློབ་ཁྲིད་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག

ལྕགས་ཟམ་རྫོང་སློབ་འབྲིང་ནས་ཐོན་པའི་བོད་རིགས་ཤིག་གིས་བོད་གནས་ལྟ་ཞིབ་ཁང་ལ་གསུང་དོན་ལྟར་ན། ཁོང་འདི་ལོར་ལྕགས་ཟམ་རྫོང་གི་སློབ་འབྲིང་ནས་ཐོན་པ་ཞིག་ཡིན་ཞིང་། འདི་ལོ་ནི་ཁོང་གི་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་གནང་རྒྱུ་མཐའ་མ་དེ་ཆགས་ཡོད་ཅེས་དང་། ལྷག་དོན་སྔ་ལོའི་ལོ་གསར་རྗེས་བོད་ཡིག་སློབ་འབྲིང་ཁག་བསྐྱར་འགོ་འཛུགས་པའི་སྐབས་རྒྱ་གཞུང་གིས་དཀར་མཛེས་ཁུལ་གྱི་བོད་ཡིག་འབྲིང་རིམ་སློབ་གྲྭ་ཁག་ཚང་མའི་ནང་བོད་ཡིག་སློབ་མཚམས་གཞག་དགོས་པའི་བརྡ་ཁྱབ་བཏང་སྟེ། བརྡ་ཁྱབ་དེ་བཞིན་གཞན་ལ་བརྒྱུད་སྐུལ་དང་ཡང་ན་སྤྱི་ཚོགས་དྲྭ་རྒྱའི་ཐོག་བརྒྱུད་སྤེལ་བྱ་མི་ཆོག་པ་མ་ཟད། སུས་དེ་ལྟར་བྱས་ཚེ་ཁྲིམས་ཐོག་ནས་ཉེས་ཆད་འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་གསུང་དོན་དུ། སྤྱིར་ད་ལྟའི་ཆར་དཀར་མཛེས་ཁུལ་དུ་བོད་ཡིག་སློབ་ཁྲིད་གནང་བཞིན་པའི་འབྲིང་རིམ་སློབ་གྲྭ་ལྔ་ཙམ་ལས་མེད་པ་དང་། སང་ལོའམ་ལོ་རྗེས་མ་ནས་སློབ་གྲྭ་དེ་དག་ནང་དུ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་ཙམ་མ་ཟད། གོང་ཞུས་ཐག་གཅོད་འདི་བཞིན་རྒྱ་གཞུང་གི་ཆེས་མཐོའི་ཤེས་ཡོན་ལྷན་ཁང་གིས་བཀའ་ཁྱབ་ཆགས་ཀྱི་ཡོད་ཀྱང་དེ་ལྟར་བྱ་དགོས་དོན་གསལ་ཁ་འདོན་མེད་པ་འགྲེལ་བརྗོད་གནང་འདུག

གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭར་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་གཙོས་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་དཀར་མཛེས་ཁུལ་གྱི་བོད་པའི་སློབ་འབྲིང་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་བྱ་སྤྱོད་དེས་མ་འོངས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་གནས་སྟངས་ཇི་སྡུག་ཏུ་འགྲོ་ངེས་ཡིན་པའི་ཐད་ཐུགས་འཚབ་ཀྱི་རྣམ་པ་ཆེད་འདོན་གནང་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།