Tibetan Royal Year of 2151 | Year of the Wood Dragon

ཁལ་མིག་གི་ནང་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཤིག་གསར་འཛུགས་བྱེད་འཆར།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཉེ་ཆར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨུ་རུ་སུ་ཁྱབ་ཁོངས་སུ་གཏོགས་པའི་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་དང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གི་དགོངས་འཆར་གྱི་འོག  ཁུལ་དེའི་ནང་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཁང་ཞིག་འཛུགས་འཆར་ཡོད་པ་རེད་འདུག

 འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་རིན་པོ་མཆོག་དང་ལྷན་དུ་གསར་དུ་འཛུགས་འཆར་ཡོད་པའི་ནང་པའི་ཤེས་ཡོན་ལྟེ་གནས་དེའི་སྐོར་ནས་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས།  ལོ་ངོ་ཉི་ཤུའི་སྔོན་ནས་ཁལ་མིག་གི་ནང་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཤིག་འཛུགས་འཆར་ལ་འབད་བརྩོན་གནང་ཡོད་ནའང་། ཁུལ་དེའི་ཤེས་ཡོན་ལམ་ལུགས་ཀྱི་སྲིད་བྱུས་དང་འབྲེལ་ནས་ད་བར་དགོངས་འཆར་དེ་ལམ་ལྷོང་བྱུང་མེད་པ་དེ་ལྟར་ཡང་། ཉེ་ཆར་ཨུ་རུ་སུའི་གྲོས་ཚོགས་ཀྱི་ནང་དུ།   ཕྱི་ནས་སློབ་སྦྱོང་བྱས་ཏེ་ཕྱིར་ཨུ་རུ་སུར་ཕེབས་པ་རྣམས་ལ་བསྐྱར་དུ་ཨུ་རུ་སུ་རང་གི་ནང་དུ་ཤེས་ཡོན་གྱི་ལག་འཁྱེར་ལེན་དགོས་བའི་ལམ་ལུགས་དེར་བསྐྱར་བཅོས་དགོས་བའི་དགོངས་འཆར་ཕུལ་བ་ལྟར། ད་ཆ་གྲོས་གཞི་དེར་བསྐྱར་བཅོས་གནང་བཞིན་ཡོད་སྟབས་གང་མགྱོགས་ཨུ་རུ་སུའི་ཁལ་མིག་གི་ཁུལ་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཤིག་གསར་འཛུགས་ཀྱིས།  ནང་པའི་དགེ་འདུན་པ་རྣམས་ཀྱིས་མི་ལོ་བཅུ་དྲུག་ལྷག་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས་དགེ་བཤེས་ཐོན་ཐུབ་པ་ཞིག་དང་། དེ་བཞིན་མི་སྐྱ་ཕོ་མོ་རྣམས་ཀྱིས་ནང་པའི་ལྟ་གྲུབ་ཁག་ལ་ལོ་ལྔའི་རིང་སློབ་སྦྱོང་བྱས་ཏེ་ལག་ཁྱེར་སྩོལ་རྒྱུའི་འཆར་གཞི་ཡོད་པའི་སྐོར་ནས་ངོ་སྤྲོད་གནང་སོང་།

 

འབྲེལ་ཡོད་གསར་གནས།

གསར་གནས།