Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྐོར་ཉན་ཞིབ་ལས་རིམ་ཚོགས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པའི་གོ་སྒྲིག་ཐོག་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། སྐབས་དེར་བོད་མིའི་སྐུ་ཚབ་རྣམས་ཀྱིས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་དང་། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སོགས་ཀྱི་ཐོག་ཞུ་སྐུལ་གནང་འདུག

ཕྱི་ཚེས་ ༢༡ སྟེ་རེས་གཟའ་པ་སངས་ཉིན་ཚོགས་པའི་ཉན་ཞིབ་ཀྱི་ལས་རིམ་ཐོག་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་  Arnold Viersen ལགས་གཙོས་གྲོས་ཚོགས་འཐུས་མི་ལྕམ་ Heather McPherson ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Ziad Aboultaif ལགས། སྐུ་ཞབས་ Arif Virani ལགས་སོགས་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་དང་ཉན་ཞིབ་ཀྱི་བདེན་དཔང་ཆེད་དུ་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Canada Tibet Committee ཡི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་ཤེས་རབ་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྐྱོང་གི་ས་ཁུལ་དུ་ཡོད་པའི་མི་སེར་རྣམས་ལ་སོ་སོའི་སྐད་ཡིག་གཙོས་རིག་གཞུང་ཐོག་སློབ་གཉེར་གནང་རྒྱུའི་རང་དབང་ཡོད་སྐོར་འཁོད་ཡོད་ཀྱང་། དོན་དམ་ལ་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་རྣམས་སོ་སོའི་སྲོལ་རྒྱུན་གྱི་ས་གནས་ནས་གཞིས་སྤོས་བྱས་པ་དང་བོད་པའི་སློབ་གྲྭ་ཁག་ཕྱིར་བསྡུ་དང་རྒྱ་གཞུང་གི་དགོས་མཁོ་དང་མཐུན་པའི་སྐད་གཉིས་སློབ་གསོ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ནང་གི་བོད་མི་སྤྱི་དང་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པའི་གནས་སྟངས་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁེ་ན་ཌའི་ངོས་ནས་རྒྱ་གཞུང་དང་ལྷན་དུ་བོད་ནང་གི་ཤེས་ཡོན་གནས་སྟངས་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་རྒྱུའི་ལམ་ཞིག་ཆེད་བཏོན་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བོད་མི་གཞིས་སྤོས་དང་ཤེས་ཡོན་སྲིད་བྱུས་ཐོག་ཉམས་ཞིབ་གནང་མཁན་ཚོར་རོགས་རམ་གནང་དགོས་པ་སོགས་དོན་ཚན་ལྔ་མངོན་གསལ་གནང་འདུག    

 

དེ་བཞིན་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་ཚད་ལས་འདས་པའི་དམ་བསྒྲགས་འོག་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་ཁག་གཅིག་མངོན་གསལ་གནང་བར་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བྱས་ནས་ད་བར་ལོ་ངོ་ ༢༨ རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་ཞིབ་ཕྲ་འགྲེལ་བརྗོད་དང་སྦྲགས། ཁེ་ན་ཌའི་གཞུང་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཤེས་རྟོག་ཐུབ་ཐབས་སུ་རྒྱ་ནག་ནང་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པའི་ངོས་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཐབས་ཡོང་བ་དང་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁུངས་སྐར་དང་རྒྱ་གཞུང་གིས་རིན་པོ་ཆེ་འཛིན་བཟུང་བྱས་པའི་དུས་ཚིགས་གཉིས་སུ་ལས་འགུལ་སྤེལ་གལ་ཆགས་ཡོད། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་ཐུབ་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་གནང་དགོས་པ་སོགས་གསུངས་ཡོད།   

ཉན་ཞིབ་ལས་རིམ་ཐོག་ཕེབས་པ་བསྟན་འཛིན་རྡོ་རྗེ་ལགས་ནས་ཞི་ཅིན་ཕིང་གི་སྣེ་ཁྲིད་རྒྱ་ནག་དམར་པོ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཁག་རྩ་མེད་བཟོ་རྒྱུ་དེ་ཡིན་པ་སོགས་ངོ་སྤྲོད་དང་སྦྲགས་ཏེ། ཁེ་ན་ཌའི་གཞུང་ནས་ཡོངས་གྲགས་ཐོག་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་དགག་པ་དང་། སྲིད་བྱུས་དེ་གཏན་འབེབས་ལག་བསྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་ཆད་གཏོང་དགོས་པ་སོགས་གསུངས་འདུག

བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བཅའ་སྡོད་སློབ་གྲྭའི་གནད་དོན་གཙོས་རྒྱ་གཞུང་གིས་བོད་པའི་སློབ་གྲྭ་ཁག་བཙན་དབང་གིས་སྒོ་རྒྱག་བཅུག་པ། བོད་མི་རྣམས་གང་བྱུང་དུ་འཛིན་བཟུང་དང་བོད་མི་གཞིས་སྤོའི་སྲིད་བྱུས་སོགས་བོད་ནང་ལ་དམ་བསྒྲགས་དང་བཙན་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུག

གཞི་རྩའི་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྐོར་ལ་ཁེ་ན་ཌ་དང་ཨ་རིའི་གྲོས་ཚོགས་གཉིས་སུ་ཉན་ཞིབ་ཀྱི་ལས་རིམ་ཁག་གཅིག་ཚོགས་ཡོད་པར་མ་ཟད། ཕྱི་ཟླ་གསུམ་པ་དང་གཉིས་པའི་ནང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཚོགས་ཆུང་གི་ལས་རིམ་སོ་སོར་འཇར་མ་ནི་གཙོས་ཨ་རི་དང་དབྱིན་ཡུལ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་བཅུ་གཅིག་གི་གཞུང་ཚབ་པ་ཚོས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་བཀའ་མོལ་དང་། རྒྱ་གཞུང་གི་སྐུ་ཚབ་ལ་འདྲི་རྩད་ནན་པོ་གནང་བའི་གནས་སྟངས་བྱུང་ཡོད་ལ། རིང་མིན་ཕྱི་ཟླ་ལྔ་པའི་ནང་སུད་སིར་འཚོགས་གཏན་ཁེལ་བའི་ Geneva Summit འམ་ཇི་ནི་ཝའི་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭར་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ལྷན་ཞུགས་ཐོག་ནས་བཅའ་སྡོད་སློབ་གྲྭའི་སྐོར་བཀའ་མོལ་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།