ཁེ་ན་ཌའི་གྲོས་འཐུས་ ༦༨ ཀྱིས་རྒྱའི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

རྒྱ་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན་ཤིན་ཅང་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་སྟེ་དྲག་པོའི་སྲིད་བྱུས་འཛིན་བཞིན་པ་དང་འབྲེལ། ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་རེ་བཞི་དང་གྲོས་ཚོགས་གོང་མའི་འཐུས་མི་བཞི། གཞན་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་སྤྱི་མང་གི་ཚོགས་པ་ཁག་ ༢༠ ཙམ་གྱིས་མཉམ་རུབ་ཐོག་ཡུལ་དེའི་སྲིད་བློན་ Justin Trudeau མཆོག་གི་མཚན་ཐོག་ལ་ཕྱག་ཡིག་ཅིག་ཕུལ་འདུག་པ་དང་། ཉེ་སྔོན་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གིས་གསུངས་པའི་དཀའ་མོལ་ལུང་འདྲེན་དང་སྦྲགས། ཁེ་ན་ཌ་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་དཔོན་རིགས་ལ་ Global Magnitsky Act ཞེས་པའི་ཁྲིམས་གཞིའི་འོག་ནས་ཉེས་ཆད་གཅོད་དགོས་པའི་ཞུ་སྐུལ་གནང་འདུགཁ་སང Alliance Canada Hong Kong ཞེས་པའི་ཁེ་ན་ཌ་དང་ཧོང་ཀོང་མཉམ་འབྲེལ་ཚོགས་པའི་དབུ་ཁྲིད་དེ་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་ཚོགས་གཙོ་ཟུར་པ་ Peter Milliken མཆོག ་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་སྤྱི་མང་ཚོགས་པ་ཁག་གིས་སྲིད་བློན་ Justin Trudeau མཆོག་དང་སྲིད་བློན་གཞོན་པ་ Chrystia Freeland མཆོག ཕྱི་སྲིད་བློན་ཆེན་ Francois Philippe Champagne མཆོག་བཅས་ཀྱི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་ཕུལ་འདུག་པའི་ནང་རྒྱ་ནག་གཞུང་གི་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་དྲག་པོའི་སྲིད་བྱུས་ལག་བསྟར་འོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་རྣམས་ལུང་འདྲེན་དང་། ལྷག་པར་དུ་ཉེ་ཆར་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ Francois Philippe Champagne མཆོག་གིས་རང་ཉིད་ཀྱི་ Twitter ཐོག་ཉེས་ཆད་གཅོད་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རྣམས་ལ་རང་གི་བྱ་སྤྱོད་ལ་འགན་ཁུར་ལེན་དུ་འཇུག་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཡིན་སྐོར་གསུངས་པ་ལུང་འདྲེན་དང་སྦྲགས། ཉེ་ཆར་ཨ་རིའི་གཞུང་གིས་ Global Magnitsky ཁྲིམས་གཞིའི་འོག་ནས་རྒྱ་ནག་དཔོན་རིགས་རྣམས་ལ་ཉེས་ཆད་བཅད་པ་བཞིན་ཁེ་ན་ཌ་གཞུང་གི་ངོས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་དཔོན་རིགས་རྣམས་ཀྱི་ཐོག་ལ་ཉེས་ཆད་གཅོད་དགོས་ངེས་ཡིན་པ་གསུངས་འདུག

རྩ་བའི་ Global Magnitsky Act ཞེས་པའི་ཁྲིམས་འཆར་དེ་སྔ་ཨུ་རུ་སུའི་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐེར་འདོན་གནང་མཁན་ཡུལ་དེའི་ཁྲལ་བསྡུའི་སློབ་སྟོན་པ་ Sergei Magnitsky ལགས་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་རྗེས་ ༢༠༠༩ ལོར་ཁོང་བཙོན་ཁང་ནང་དུ་སྐུ་གྲོངས་བའི་གནད་དོན་དང་འབྲེལ། བྱ་སྤྱོད་སྤེལ་མཁན་ཨུ་རུ་སུའི་དཔོན་རིགས་རྣམས་ལ་ཉེས་ཆད་གཅོད་རྒྱུའི་ཆེད་དུ་སྲིད་འཛིན་གོང་མ་ Obama མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་ཁྲིམས་གཞིར་གཏན་འབེབས་གནང་བ་ཞིག་དང་། ཕྱི་ལོ་ ༢༠༡༦ རྗེས་སུ་ཁྲིམས་གཞི་དེ་རྒྱལ་སྤྱི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་དཔོན་རིགས་ཀུན་ལ་ཁྱབ་ཡོད་པ་དང་འབྲེལ། ཟླ་བ་འདིའི་ནང་དབྱིན་ཡུལ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞི་དེར་ངོས་ལེན་གནང་སྟེ་མཚན་རྟགས་བཀོད་པ་མ་ཟད་མང་གཙོའི་རྒྱལ་ཁབ་མང་དག་ཅིག་གིས་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026