Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་རྒས་ཕོགས་རྣམས་རྒྱ་ནག་གི་ཁེ་ལས་ཁག་ཏུ་མ་འཛུགས་བྱ་རྒྱུར་བཀག་སྡོམ་དགོས་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་གི་དམིགས་བསལ་ལས་དོན་ཚོགས་ཆུང་གི་སྙན་ཐོའི་ནང་ཡུལ་དེའི་རྒས་ཕོགས་ཐེབས་རྩ་ཁག་གི་མ་དངུལ་རྣམས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ལྐོག་ཟ་བྱེད་མཁན། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་རྒྱ་ནག་གི་ཁེ་ལས་ཁག་ཏུ་མ་རྩ་འཛུགས་བྱ་རྒྱུར་བཀག་སྡོམ་གྱི་ཐབས་ལམ་གསར་པ་ཞིག་བཏོན་དགོས་པའི་ཞུ་སྐུལ་གནང་འདུག

ཟླ་བ་འདིའི་ཚེས་ ༡༣ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་གི་དམིགས་བསལ་ལས་དོན་ཚོགས་ཆུང་གིས་ཡུལ་དེའི་གྲོས་ཚོགས་འོག་མར་དེ་འབྲེལ་སྙན་ཐོ་ཞིག་འགོད་འབུལ་གྱིས་ཁེ་ན་ཌའི་གཞུང་ནས་མངའ་སྡེ་གཞུང་ཁག་དང་མཉམ་ལས་ཐོག་རྒྱ་ནག་གི་ཁེ་ལས་ཁག་དངོས་སུ་ཐོ་འགོད་གནང་སྟེ་དེ་དག་ནང་མ་ཛུགས་རྩ་བ་ནས་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་བར་མ་ཟད། རྒས་ཕོགས་མ་འཛུགས་དང་འབྲེལ་བའི་འཆར་གཞི་ཁག་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད་གནང་འདུག ལྷག་དོན་སྙན་ཐོ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་གསར་འགོད་པ། ཤེས་ཡོན་ཅན་རྣམས་ཀྱིས་ཁེ་ན་ཌའི་རྒས་ཕོགས་ལས་གཞི་འགའ་ཤས་ཀྱིས་ཡུལ་དེའི་མང་ཚོགས་ཀྱི་རིན་ཐང་དང་རྒྱབ་འགལ་གྱིས་རྒྱ་ནག་རྒྱལ་ནང་དུ་མ་འཛུགས་གནང་བཞིན་ཡོད་སྐོར་གསུངས་པ་རྣམས་ལུང་འདྲེན་གནང་སྟེ། ཧོང་ཀོང་ལྟ་ཞིབ་ཁང་གི་སྲིད་བྱུས་དང་ཞུ་གཏུག་འགན་འཛིན་ Sam Goodman གྱིས་ད་ལྟའི་ཆར་ཁེ་ན་ཌའི་གཞུང་ལ་ཡུལ་དེའི་རྒས་ཕོགས་ཀྱི་མ་དངུལ་རྣམས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་མཁན་གྱི་ཁེ་ལས་དག་གི་ནང་མ་འཛུགས་གནང་རྒྱུར་བཀག་སྡོམ་གྱི་ལག་ལེན་བསྟར་བའི་ཐབས་ལམ་ཞིག་མེད་སྐོར་གསུངས་པར་མ་ཟད། ཁེ་ན་ཌའི་རྒས་ཕོགས་ཐེབས་རྩ་དང་རྒྱ་གཞུང་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་རྒྱ་ནག་གི་ཁེ་ལས་ཁག་གི་དབར་འབྲེལ་བ་ཡོང་སྲིད་པ་བཅས་ཀྱི་སྐོར་ཚོགས་ཆུང་ལ་གང་གསུངས་པ་རྣམས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།