Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Finland སྲིད་འཛིན་གསར་པར་འཚམས་འཕྲིན་སྩལ་བ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

དེ་རིང་ཕྱི་ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Petteri Orpo མཆོག་ Finland ཧྥིན་ལེནྜ་ཡི་སྲིད་བློན་གསར་པའི་ལས་དོན་འགོ་འཛུགས་གནང་བར་འཚམས་འདྲི་དང་སྦྲགས། ཁོང་གིས་ཧྥིན་ལེནྜ་མི་མང་གི་མངོན་འདོད་དང་རེ་བ་ལྟར་སྒྲུབ་ཐུབ་རྒྱུ་ཙམ་དུ་མ་ཟད། འཛམ་གླིང་འདི་སྔར་ལྷག་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་ཞབས་འདེགས་སྒྲུབ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་ཡང་༸གོང་ས་མཆོག་གིས་འཚམས་འཕྲིན་གྱི་ཐོག་མར་འདས་པའི་ལོ་ཡུན་ཁྲོད་མགོན་པོ་༸གང་ཉིད་མཆོག་ཧྥིན་ལེནྜ་རྒྱལ་ཁབ་ནང་ཐེངས་འགའ་ཞས་ཆིབས་བསྒྱུར་བསྐྱངས་མྱོང་ཡོད་སྐོར་ཐུགས་དྲན་གསོ་དང་སྦྲགས། ཁུལ་དེའི་མི་མང་རྒན་གཞོན་བར་གསུམ་ཚང་མས་མགོན་པོ་༸གང་ཉིད་མཆོག་གིས་བྱམས་སྙིང་རྗེ་གོང་འཕེལ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ལམ་སྟོན་བཀའ་སློབ་རྣམས་ལ་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་བཀའ་སྩལ་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་ཆར་འཛམ་གླིང་འདི་བཞིན་གཉན་འཕྲང་ཅན་གྱི་དུས་མཚམས་འདིར་མི་མང་པོ་ཞིག་དྲག་པོའི་འཐབ་འཛིང་འོག་དཀའ་སྡུག་མྱོང་བཞིན་པ་དེ་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ཡིན་པ་བཀའ་སྩལ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་དཀའ་ངལ་དེ་དག་སེལ་ཆེད་ཞི་བའི་སྒོ་ནས་འབད་བརྩོན་གནང་དགོས་གལ་ཙམ་མ་ཟད། མཚོན་ཆའི་གནོད་འཚེ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ཕན་ཚུན་གྲོས་མོལ་གནང་རྒྱུ་ནི་ཐམས་ལམ་ཁོ་ན་དེ་ཡིན་པ་བཀའ་ནན་སྩལ་འདུག

༸གོང་ས་མཆོག་གིས་མཐར་སྲིད་བློན་སྐུ་ཞབས་ Petteri Orpo མཆོག་ལ་ཧྥིན་ལེནྜ་མི་མང་གི་མངོན་འདོད་དང་རེ་བ་ལྟར་འགེགས་མེད་དུ་སྒྲུབ་ཐུབ་པའི་ལམ་ལྷོངས་ཙམ་མ་ཟད། འཛམ་གླིང་འདི་སྔར་ལྷག་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་ཞབས་འདེགས་སྒྲུབ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་སྐུ་ཞབས་ Petteri Orpo མཆོག་ནི་ཡལ་དེའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཅིག་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཡུལ་དེའི་གྲོས་ཚོགས་ནང་འཐུས་མི་ ༡༠༧ ནས་རྒྱབ་སྐྱོར་དང་། ༨༡ ནས་འགག་པ། དེ་བཞིན་ ༡༡ བར་བཞུགས་བཅས་མང་མོས་ཐོག་ནས་ཁོང་ཡུལ་དེའི་སྲིད་བློན་དུ་བདམ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།