༸གོང་ས་མཆོག་མོན་གྷོ་ནས་ཆིབས་ཐོན་གྱིས་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་འདུག

Tibetan News Headlines

  • Tibetan activists Hold Hunger Strike at UN Headquarters to Protest China’s New Law
  • China’s 15th Five-Year Plan Emphasizes Control Over Development in Tibet: Report
  • Nepal Reaffirms Commitment to China Policy Under Balendra Shah Government
  • Senior Tibetan CCP Leader Yangling Dorje Dies in Chengdu at 95
  • Penpa Tsering Expresses Condolences on Death of Tibet Supporter Christian Schwarz-Schilling
  • Thinley Lhamo Wins Best Actress for Shambhala at FICSON Awards

ཪེས་གཟའ་ལྷག་པ། ༢༠༢༦།༠༤།༠༨

  • རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཆུ་ཚོད་ ༩༠ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
  • རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པའི་བརྒྱུད་བོད་རྒྱ་བསྒྱུར་གྱི་ལས་དོན་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ཡོད་པ་གསུངས་འདུག
  • བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་མ་རེད་ཅེས་བརྗོད་འདུག
  • བོད་མི་དམར་ཤོག་དཔོན་རིགས་རྒན་གྲས་ཡངས་གླིང་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་འདུག
  • བོད་དོན་རྒྱབ་སྐྱོར་བ་ Dr. Christian Schwarz-Schilling ལགས་སྐུ་ཚེའི་འཕེན་པ་རྫོགས་པར་སྲིད་སྐྱོང་མཆོག་གིས་མྱ་ངན་ཞུས་འདུག
  • ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་སུ་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦:༣༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཆིབས་ཐོན་གྱིས་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་མོན་གྷོ་རུ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ནས་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༩ བར་ཟླ་གཉིས་ཙམ་སྐུ་བཞུགས་མཛད་རིང་རེས་གཟའ་ཉི་མ་དང་བསྙེན་རྫོགས་ཀྱི་མཛད་ཞག་ཁག་གཅིག་ཕུད་པའི་ཉིན་ལྟར་རྒྱ་གར་དབུས་ས་གཉིས་ཀྱི་གནད་ཡོད་མི་སྣ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ཧི་མ་ལ་ཡའི་རི་རྒྱུད། ས་གནས་ཡུལ་མི། དེ་བཞིན་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་མི་སོགས་དད་ལྡན་མང་ཚོགས་ཆིག་ཁྲི་ལྔ་སྟོང་ལྷག་ལ་མང་མཇལ་བཀའ་དྲིན་སྩལ་ཡོད་པ་མ་ཟད། གདན་ས་དགོན་སྡེ་ཁག་གི་གྲྭ་བཙུན་མང་དག་ཅིག་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་མཛད་ཡོད་པ་རེད། 

Hubli གནམ་ཐང་ནས་ཆིབས་ཐོན་སྐབས་ཀྱི་པར་རིས།

དེ་བཞིན་ཉིན་ཞག་ ༥༩ ཁྲོད་མགོན་པོ་༸གང་ཉིད་མཆོག་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་དང་། འབྲས་སྤུངས་ཁྲི་པའི་གསེར་ཁྲི་མངའ་གསོལ། འཇང་དགུན་ཆོས་ཀྱི་རྣམ་འགྲེལ་དམ་བཅའ་ཆེན་མོ། བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ། རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ།  རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་དབུ་འབྱེད་དང་རབ་གནས། སེར་སྐྱ་མི་མང་གིས་བརྟན་བཞུགས་བཅས་ཆོས་ཕྱོགས་ཀྱི་མཛད་རིམ་དུ་མར་དབུ་བཞུགས་ཀྱང་མཛད་ཡོད་པ་རེད། 

ལྡི་ལིར་ཞབས་སོར་བདེ་བར་འཁོད་སྐབས་ཀྱི་པར་རིས།

ལྷག་པར་དུ་ཐེངས་འདིར་མོན་གྷོ་རུ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཆོས་མཇལ་བ་ཚོར་མང་མཇལ་ཁྲོད། སངས་རྒྱས་པའི་ཆོས་རྒྱུན་གནས་ཐུབ་ཆེད་ཤེས་ནས་དད་པ་ཐོབ་དགོས་པ་དང་། བོད་ལ་འཆད་རྩོད་རྩོམ་གསུམ་གྱི་སློབ་གཉེར་གནང་རྒྱུ་ཡོད་པ་དེ་ཧ་ཅང་ཡག་པོ་ཡིན་པ།  མ་ཟད་ཨ་ར་པ་ཙ་ན་དྷི་ཞེས་པ་དེ་བཞིན་༸གང་ཉིད་མཆོག་ནས་ཉིན་ལྟར་བགྲང་གི་ཡོད་པ་དེས་ཤེས་རབ་འཕེལ་བ་དང་རིག་པ་གསལ་པོ་ཆགས་ཀྱི་ཡོད་སྐོར་དང་།  ང་ཚོས་རང་བཙན་གྱི་སྐད་ཆ་མེད་པ་བྱས་ཏེ་མི་རིགས་རང་སྐྱོང་གི་སྐད་ཆ་བཤད་ནས་ཕྱིན་ན། རྒྱ་མིས་བདག་པོ་རྒྱག་ཀྱི་ཡོད་པ་དང་། དགའ་པོ་ཡང་བྱེད་ཀྱི་འདུག་ཅེས། རིན་མིན་བོད་ལ་ཏན་ཏན་སླེབས་ཐུབ་ཀྱི་ཡོད་པ་དང་། ད་དུང་ཡང་བསྟན་འགྲོའི་དོན་དུ་དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུ་ཡིན་པ་སོགས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་གཉིས་ཙམ་མིན་གྷོ་རུ་སྐུ་བཞུགས་མཛད་རིང་ཕྱི་རྒྱལ་བ་ ༡༤༨༠ དང་། རྒྱ་གར་བ་ ༢༥༨༥། ཧི་མ་ལ་ཡའི་རི་རྒྱུད་ཚུད་པའི་བོད་རིགས་ ༡༢༡༩༣ བཅས་ཁྱོན་དད་ལྡན་ ༡༦༠༠༠ ཙམ་ལ་མང་མཇལ་བཀའ་དྲིན་སྩལ་ཡོད་པ་དང་།  མོན་གྷོ་བོད་མི་ཚོགས་སྒེར་ཁག་ནས་༸གང་ཉིད་མཆོག་ས་གནས་སུ་ཞབས་སོར་མ་འཁོད་གོང་དུ་ཁུལ་སོ་སོར་གཙང་བཟོ་དང་། དེ་ནས་ཞབས་སོར་འཁོད་མ་ཐག་ཕྱི་ནས་ཕེབས་པའི་ཆོས་མཇལ་བ་ཚོར་ཉིན་ལྟར་རིན་མེད་ཞོགས་ཇ་དང་། བར་དུ་ཆབ་དང་ཤིང་ཏོག སྐབས་རེ་དགོང་མོའི་ཞལ་ལག་བཅས་སྙིང་བརྩེ་བ་ཆེན་པོས་ཕུལ་གནང་ཡོད་པ་མ་ཟད།  འབྲས་སྤུངས་སྒོ་མང་གི་མཁན་པོ་བླ་སྤྲུལ་བཅས་ཀྱིས་སྤྱི་མོས་ཐོག  མོན་གྷོ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་སྐུ་བཞུགས་མཛད་སའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་༸རྒྱལ་བའི་ཕོ་བྲང་ཚུད་པའི་ཆོས་གྲྭ  དགའ་ལྡན་ཕོ་བྲང་ལ་འབུལ་རྒྱུའི་ཐག་ཆོད་ཀྱང་མཛད་ཡོད་པ་རེད། 

Screenshot

འདི་གའི་གསར་འགོད་པས་དད་ལྡན་མང་ཚོགས་ཁག་གཅིག་ལ་ཁོང་རྣམ་པའི་ཚོར་བ་རེ་འདུན་སྐོར་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།