Tibetan Royal Year of 2151 | Year of the Wood Dragon

རྐང་སྤོལ་རུ་ཁག་དང་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པའི་འགོ་ལས་དང་རྩེད་འགྲན་པ་ཡོངས་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་རྣམ་པར་སེམས་སྐྱིད་པོ་བྱ་དགོས་གལ་དང་ཆབས་ཅིག བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཐུན་མིན་གྱི་རིག་གཞུང་ཕྱུག་པོ་ཡོད་པ་དེར་སྤོབས་པ་བྱ་དགོས་ཞེས་བཀའ་སྩལ་འདུག

དེ་ཡང་མཇལ་ཁའི་སྐབས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་དང་། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་གྱི་གོ་སྒྲིག་ཚོགས་ཆུང་། དེ་བཞིན་རྩེད་དཔང་དང་རྩེད་འགྲན་པ་ཡོངས་ལྷན་ཞུགས་གནང་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་དང་། མཉམ་ཞུགས་རུ་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད་པས་གཤམ་གྱི་སྒྲ་སྒམ་ནས་གསན་ཐུབ།

གཞན་ཡང་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Joint Committee on Offices of Profit ཞེས་རྒྱ་གར་གྲོས་ཚོགས་ཀྱི་ཟུང་སྦྲེལ་ཁེ་འབབ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Dr Satya Pal Singh མཆོག་གི་གཙོས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ལ་མཇལ་ཁ་སྩལ་འདུག

གྲོས་ཚོགས་འཐུས་མི་རྣམ་པའི་མཇལ་ཁ་གྲུབ་མཚམས་སུ་རྒྱ་གར་གྲོས་ཚོགས་ཀྱི་ཟུང་སྦྲེལ་ཁེ་འབབ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Dr Satya Pal Singh མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་བར་བཀའ་དྲིན་ཆེ་ཞུ་དང་འབྲེལ། འབྲེལ་ཡོད་འགོ་ལས་ཡོངས་ནས་དེ་འབྲེལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཏེ། ༸གོང་ས་མཆོག་གི་སྐུ་མདུན་དུ་མཇལ་བཅར་གྱི་ཚོར་བ་དེ་བཞིན་ཕྲུ་གུ་ཆུང་ཆུང་རྣམས་རང་གི་ཨ་མའི་སར་འགྲོ་སྐབས་དགའ་སྣང་ཡོད་པ་བཞིན། ང་ཚོ་ལྟ་བུ་མི་སྤྱིར་བཏང་ཞིག་ཁོང་གི་སྐུ་མདུན་དུ་མཇལ་བཅར་ཞུ་སྐབས་སེམས་ནང་བདེ་སྐྱིད་བྱུང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་ལྟ་བུ་སྐྱེས་བུ་དམ་པ་མཇལ་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་བརྒྱུད་ལམ་འདིའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱིའི་བདེ་དོན་སླད་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པ་དང་། སེམས་བཟང་པོ་ཡོང་ཆེད་རང་གཞན་གཉིས་བར་འབྲེལ་བ་དམ་ཟབ་བྱ་དགོས་གལ་ཙམ་མ་ཟད། སེམས་ཅན་ཐམས་ཅད་བདེ་བ་དང་ནད་མེད་པ། བཀྲ་ཤིས་པ། སྡུག་བསྔལ་མེད་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གྱི་ཡོད་ཅེས་གསུངས་སོང་།

ཁོང་གིས་ད་དུང་ང་རང་སྒེར་གྱི་བསམ་བློའི་ནང་སྐྱེས་བུ་དམ་པ་སྤྱི་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ནི་འཛམ་གླིང་མི་མང་ཡོངས་ཀྱིས་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཡིན་པར་བརྟེན། རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna གཙོས་པའི་གཟེངས་རྟགས་གང་འདྲ་ཞིག་ཡིན་རུང་དེ་དག་ལས་ཀྱང་གོང་བཀུར་ཆེས་མཐོ་བ་ཡིན་སྐོར་གསུངས་སོང་།

གཞི་རྩའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་ཅིག་ཡོངས་གྲགས་གནང་བའི་ནང་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།