Tibetan Royal Year of 2151 | Year of the Wood Dragon

གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་དབྱར་གསོལ་སྤྱན་འདྲེན་ཞུས་པའི་བཀའ་ལུང་དུ་གངས་ལྗོངས་གདོང་ལྔའི་ཆབ་སྲིད་བྱེད་པོ་གཙོས་བྱས་མདུན་ན་འདོན་ཚོགས་རྣམས་ཀྱིས་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པའི་བཀའ་ལུང་གནང་འདུག

Nechung Oracle

དེ་ཡང་ཟླ་བ་འདིའི་ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དབྱར་གསོལ་སྤྱན་འདྲེན་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་ལུང་ནང་། གངས་ལྗོངས་གདོང་ལྔའི་ཆབ་སྲིད་བྱེད་པོ་གཙོས་བྱས་མདུན་ན་འདོན་ཚོགས་རྣམས་ཀྱིས་གཟུགས་ཅན་གྱི་གནས་སུ་འབོད་པ་ལེགས་ཚོགས་ཆེ། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་གསང་གསུམ་སྐུ་ལ་དྲི་ཕྲད་མ་མཆིས་ནའང་གང་མྱུར་སྐུ་ཡི་འཕྲོད་བཞེས་དོན་སླད་ཕྱི་ཡི་ཡུལ་གྲུར་༸ཞབས་སོར་འཁོད་པར་སྔོན་འགྲོའི་རིམ་གྲོ་སྔོན་ནས་སྨྲས་ཟིན་ནའང་བོད་མིའི་སྒྲིག་འཛུགས་ངོས་ནས་མདོ་སྡེ་བསྐལ་བཟང་དག་ཐོན་དང་པདྨའི་མནོལ་བསང་། རྟེན་འབྲེལ་ཉེ་བར་སེལ་བའི་ཆོ་ག་གནད་སྨིན། དེ་བཞིན་དགྲ་ལྷར་བསང་བརྔན་དང་འབྲེལ་ལྷ་ལྔའི་གསོལ་མཆོད་དང་ཕྱོགས་བཅུ་མུན་སེལ། སྐུ་ཡི་འཕྲོད་བཞེས་དུས་མཚུངས་མཆོག་དམན་ཀུན་ནས་སྨན་བླའི་གཟུངས་སྔགས་འགྲོ་གང་ཆེ། མཎྜལ་བཞི་ཆོག་དང་འབྲེལ་ཏཱ་རེའི་བསྟོད་པ་གྲངས་གསོག ༸རྒྱལ་བའི་མཚན་སྔགས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡི་གེ་དྲུག་མ་འབད་ན་ལེགས་ཚོགས་ཆེ་ཞེས་བསྩལ་ཡོད།

ད་དུང་བཀའ་ལུང་དེའི་ནང་ཁ་བའི་ལྗོངས་ཀྱི་བདེ་སྐྱིད་དོན་སླད་སྲིད་སྐྱོང་མཆོག་ལ་སྨྲས་པ་འདིས་འཐུས་ཤིང་། རྐྱེན་སེལ་རིམ་གྲོར། གྲྭ་ཏོག་གསེར་གསུམ།  སྲི་བཟློག་ཙཀྲ་བཅུ་གསུམ་ཆོ་ག་གནད་སྨིན་དང་གཟུངས་སྔགས་འགྲོ་གང་ཆེ། འདོད་ཁམས་བདག་མོའི་བསྐང་གཤགས་ཁྲི་ཚར། དམ་ཚིག་རྡོ་རྗེའི་བཟླས་པ། སྲུང་སྤྱིའི་བསྐང་བཤགས། ཕྱོགས་བཅུ་མུན་སེལ་འབད་ན་ལེགས་ཚོགས་ཆེ་དང་གཞན་ཡང་དམ་ལྡན་སྲི་ཞུའི་དོན་སླད། རྡོ་རྗེ་སྡེར་མོའི་མདོ། དོན་ཡོད་ཞགས་པའི་ཆོ་ག་དང་འབྲེལ་གཟུངས་སྔགས་འགྲོ་གང་ཆེ། གཟུངས་འདུས་དག་སྒྲོག གསུང་བྱིན་བདེན་པའི་རྔ་སྒྲ། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་འབད་ན་གཟུགས་མེད་ངོས་ནས་སྡོང་གྲོགས། ཞེས་སྩལ་ཡོད་འདུག

Nechung Oracle

དེ་དང་ཆབས་ཅིག་ཉིན་དེའི་བོད་མིའི་སྒྲིག་འཛུགས་ཀྱི་དབྱར་གསོལ་སྤྱན་འདྲེན་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་སྲིད་སྐྱོང་མཆོག་ལའང་བསྩལ་བའི་བཀའ་ལུང་དུ། དམ་ལྡན་ཁ་བའི་ལྗོངས་ཀྱི་ཆབ་སྲིད་འགན་འཁུར་ཉིད་ནས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་གསུང་གི་བདུད་རྩི་སྙིང་དུ་བཅངས་ཏེ་ཕྱི་ནང་གང་ལའང་འབྲེལ་མཐུད་དང་ལས་གཞི་ཀུན་ལེགས་པར་སྐྱོང་བ་ནི་འདོད་ཁམས་བདག་མོ་དང་གཟུགས་མེད་ངོས་ནས་ལེགས་སོ་ལེགས་ཚོགས་ཆེ་ལགས། དེང་གི་ཆར་ཡང་འཛམ་བུ་གླིང་འདིར་འགྱུར་ལྡོག་ཆེན་པོ་ཡོང་ངེས་ལགས། ལྷག་པར་རྒྱ་ནག་ཞིང་ཆེན་ཀུན་ཏུའང་རིམ་བཞིན་འགྱུར་བ་ཡོང་ངེས། རྒྱ་ཡི་ཕྱོགས་ནས་རིམ་་བཞིན་འབྲེལ་གཏུག་ཡོང་སྐབས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་མཚན་གནས་ཁོ་ན་དང་བོད་མིའི་སྒྲིག་འཛུགས་རྡོག་ཏུ་བསྒྲིལ་ཏེ་ལས་འགན་རྣམས་ལ་གདོང་ལེན་བགྱིས་ན་གཟུགས་མེད་ངོས་ནས་སྡོང་གྲོགས། ཉེ་བའི་ཆ་དེར་རྒྱལ་ཁབ་ཆེན་པོ་ཨ་རིའི་ཆབ་སྲིད་ཚོགས་པའི་བོད་དོན་བདེན་མཐའ་སེལ་བར་རྒྱབ་སྐྱོར་ཤུགས་ཆེ་བགྱིད་པ་འདི་ནི། སྤྱིར་འཛམ་བུ་གླིང་ལ་དྲང་བདེན་དང་མང་གཙོ་ཀུན་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཅིང༌། འདི་ནི་ཧ་ཅང་ལེགས་པའི་ཆ་ཡིན་པས་རིམ་བཞིན་རྒྱལ་ཁབ་གཞན་ལའང་གཅིག་མཚུངས་ཡོང་བར་ལེགས་ཚོགས་ཆེ་ལགས་སོ། ནང་དུ་དམ་ཚིག་མི་གཙང་བ་རྣམས་ནས་སུན་སྣང་ཡོད་ནའང་ཡིད་དོགས་མ་མཛད་ཅིག མཚུངས་མེད་འདོད་ཁམས་བདག་མོ་དང་གཟུགས་མེད་ངོས་ནས་སྡོང་གྲོགས་སྔར་བཞིན་ལེགས་པར་བགྱིད་ལགས་སོ་ཞེས་ལྷ་ཚེས་དགེ་བར་བསྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།