Tibetan Royal Year of 2151 | Year of the Wood Dragon

གཞིས་ལུས་བོད་མིའི་ལྷག་བསམ་ལ་ཆེ་བསྟོད་དང་བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དེ་རིང་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་འཚོག་བཞིན་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༤ པའི་ཚོགས་བཅར་བ་ཡོངས་ལ་དམིགས་བསལ་མཇལ་ཁ་སྩལ་སྐབས། མགོན་པོ་གང་ཉིད་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱི་ལྷག་བསམ་ལ་ཆེ་བསྟོད་མཛད་པ་དང་འབྲེལ། བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་པ་དང་། ༸གོང་ས་མཆོག་ད་དུང་ལོ་བརྒྱ་ལྷག་སྐུ་བཞུགས་མཛད་དེ་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུའི་ཐུགས་སྨོན་དང་ཐུགས་སྟོབས་སྐྱེད་བཞིན་ཡོད་ཅེས་བཀའ་བཞེས་མཛད་སོང་།

27 shoton
Photo: OHHDL

དེ་ཡང་མཇལ་ཁའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་པ་ཁག་གི་སྐུ་ཚབ་རེ་རེའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གི་སྐུ་མདུན་དུ་རྣམ་ཐར་རེ་སྤྱན་འབུལ་ཞུས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཞོ་སྟོན་ཉིན་མ་བཞི་ཙམ་རིང་ཚོགས་ཀྱི་ཡོད་པ་དང་དེ་ནི་དབྱར་ཁའི་གུང་སེང་རིང་ཤོས་དེ་ཉིད་ཆགས་ཀྱི་ཡོད་སྟབས། དུས་ཚོད་དེ་ནི་ཆེས་སྐྱིད་ཤོས་ཤིག་ཡིན་པར་དྲན་གསོ་མཛད་པ་དང་འབྲེལ།  མགོན་པོ་༸གང་ཉིད་མཆོག་ནས་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཆེད་བསྟོད་དང་མཉམ་བཙན་བྱོལ་དུ་གྱར་བའི་བོད་མི་རྣམས་ཀྱིས་ལ་རྒྱ་གཡོ་བ་མེད་པར་བོད་མིའི་ཆོས་རིག་དང་བཅས་པ་སྲུང་སྐྱོབ་དང་རྒྱུན་འཛིན་གནང་བཞིན་པར་ཡི་རངས་བསྔགས་བརྗོད་ཙམ་མ་ཟད། བོད་མི་ཚོའི་ངོས་ནས་བོད་ཀྱི་ཆོས་རིག་དེ་དག་མུ་མཐུད་བདག་གཅེས་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག

27 shoton

མ་ཟད། དེང་སྐབས་རྒྱལ་སྤྱི་གཙོས་རྒྱ་ནག་རྒྱལ་ནང་དུ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་རྒྱ་གང་ཆེ་ཡོད་པ་དང་། ལྷག་པར་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་བོད་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་ནག་གསུབ་བཏང་རྒྱུའི་ལས་དོན་གཉེར་གྱི་ཡོད་པ་དེ་ལྟར་ཡང་། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཕྱི་ནང་གཉིས་ཀྱི་རྐྱེན་ལ་མ་ལྟོས་པར་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་ངང་བོད་མིའི་ངོ་བོ་མཚོན་བྱེད་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་བདག་གཅེས་གནང་བཞིན་ཡོད་པར་བཀའ་སྩལ་དང་སྦྲགས།  མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ལོ་བཅུ་ཁྲག་གཅིག་གཉིས་རིང་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་ལ་ཞབས་འདེགས་མུ་མཐུད་སྒྲུབ་རྒྱུ་ཡིན་པ་བཀའ་སྩལ་སོང་།

དེ་བཞིན་དེ་རིང་མཇལ་ཁའི་ཐོག་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐབས་ ༡༤ པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅར་བའི་ཚོགས་མི་རྣམས་ཀྱང་ལྷན་ཞུགས་གནང་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་ཁག་བུད་མེད་རྣམ་པའི་སེམས་ཤུགས་ཆེན་པོའི་ཐོག་ནས་སྲུང་སྐྱོབ་གནང་སྟེ་གནས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་ཁག་ཏུ་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུའི་ལས་དོན་སྣ་མང་གཉེར་བར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། སྤྱི་ཚོགས་ནས་ཕོ་མོ་དབྱེ་འབྱེད་ཀྱི་ལས་དོན་རིགས་དང་བུད་མེད་ལ་མཐོང་ཆུང་དང་བརྙས་བཅོས་སོགས་གནང་རྒྱུ་མེད་པ་ཙམ་མ་ཟད། བུད་མེད་ལྷན་ཚོགས་ཀྱི་གཙོས་བུད་མེད་རྣམས་ནས་མུ་མཐུད་སྤྱི་ཚོགས་ནང་ཕན་བདེའི་ཞབས་འདེགས་སྒྲུབ་དགོས་པ་སོགས་ཀྱི་ལམ་སྟོན་མཛད་འདུག  

27 shoton

འདི་གའི་གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་སུ་དེ་རིང་གི་མཇལ་ཁ་དང་འབྲེལ་བཅར་འདྲི་ཁག་གཅིག་ཞུས་སྐབས། ཁོང་གིས་བོད་ལུགས་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་སྟབས་དེ་རིང་གི་གོ་སྐབས་དེ་ཉིད་དམ་འཛིན་གྱིས་བུད་མེད་ལྷན་ཚོགས་ངོས་ནས་༸མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་གསེར་གྱི་རྟགས་མ་འབུལ་བཞེས་མཛད་རྒྱུའི་གོ་སྐབས་བྱུང་སོང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་།  ལྷག་པར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་དང་། སྤྱི་ཚོགས་ཞབས་འདེགས་རླབས་ཆེན་བསྒྲུབ་རྒྱུར་འབད་བརྩོན་མུ་མཐུད་གནང་གི་ཡིན་ཞེས་གསུངས་སོང་།

གཞི་རྩའི་ཐེངས་འདིའི་མཇལ་ཁའི་ཐོག་བཞུགས་སྒར་དུ་འཚོག་བཞིན་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་པ་ཁག་གི་ཚོགས་མི་ལས་བྱེད་ ༡༥༠ ལྷག་དང་། བེུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ ༣༧ ཀྱི་ཚོགས་མི་ ༡༨༠ ཙམ་ནས་མཇལ་ཁ་ཞུས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།