Tibetan Royal Year of 2151 | Year of the Wood Dragon

གཞོན་སྐྱེས་ཚོས་སྤྱི་ཚོགས་དྲྭ་རྒྱ་སྤྱད་ནས་ལས་འགུལ་གང་མང་སྤེལ་དགོས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ལམ་ཕ་རན་སིའི་རྒྱལ་ས་པེ་རིས་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་རྒྱལ་ཚོགས་ལས་ཁུངས་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་ངག་དབང་ཚེ་འཕེལ་ལགས་ཀྱིས་དེ་རིང་ལས་འགུལ་མཇུག་སྒྲིལ་དང་འབྲེལ། བོད་རིགས་གཞོན་སྐྱེས་ཚོས་སྤྱི་ཚོགས་དྲྭ་རྒྱ་སྤྱད་ནས་ལས་འགུལ་གང་མང་སྤེལ་དགོས་པའི་རེ་སྐུལ་གནང་སོང་།

ངག་དབང་ལགས་ཀྱིས་བདུན་ཕྲག་སྔོན་མའི་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་པེ་རིས་ནས་ལས་འགུལ་དངོས་སུ་དབུ་འཛུགས་གནང་ནས་ཁ་སང་ཇི་ནི་ཝར་འབྱོར་ཏེ་དེ་རིང་ཞོགས་པ་ཚོུད་ ༩ ཐོག་སུད་སི་ཁུལ་གྱི་བོད་མི་ཁག་ཅིག་མཉམ་ཞུགས་གནང་ཐོག་ཕྱག་ཚོད་གཉིས་ཙམ་གྱི་རིང་ལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་གནང་སྟེ་ལས་འགུལ་རེ་ཞིག་མཇུག་སྒྲིལ་གནང་འདུག་པ་དང་། ཐེངས་འདིའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དེ་ཧ་ཅང་ཚགས་ཚུད་བྱུང་ཞེས་གསུངས་སོང་།

རྩ་བའི་དེང་སྐབས་འཛམ་གླིང་ཁྲོད་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མང་ཚོགས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་གདོང་ཐུག་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བྱེད་མཁན་བོད་མི་ཚོགས་སྒེར་ཁག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་བཞིན་ངག་དབང་ཚེ་འཕེལ་ལགས་ཀྱིས་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པ་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དེ་ཁྱབ་བརྡལ་བཏང་བའི་འགན་ཡོངས་རྫོགས་འཁུར་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བརྒྱད་ཆེད་བཏོན་གནང་བ་ལྟར། བོད་མིའི་ལས་འགུལ་བ་གཞན་རྣམས་ཀྱི་ལས་འགུལ་གྱི་རྣམ་པ་དང་དུས་ཚིགས་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་། ལས་འགུལ་གྱི་དགོས་འདུན་ཁག་ཅིག་གཅིག་མཚུངས་ཆགས་ཀྱི་འདུག དེ་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་གནང་དགོས་པ། བོད་རྒྱ་ཞི་མོལ་བསྐྱར་གསོ་གནང་དགོས་པ། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དུ་སོང་བའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁུར་དགོས་པ། རྒྱ་ནག་གི་ཅ་དངོས་ཉོ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དེ་དག་ཆགས་ཀྱི་ཡོད་པ་རེད།

བློ་བཟང་ལགས་ཀྱིས་ང་ཚོས་བོད་དོན་ཆེད་དུ་ལས་འགུལ་སྤེལ་རྒྱུ་ཉུང་མ་དྲག་ན་མང་དྲག་མེད་པ་དང་། ཇི་ཙམ་གྱིས་ལས་འགུལ་མང་བ་སྤེལ་ཚེ་དེ་ཚོད་ཀྱིས་བོད་ནང་གི་གནས་སྟངས་བཟང་དུ་འགྲོ་རྒྱུ་གཙོས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལའང་ཕན་ཐོགས་ཡོད་པར་གསུངས་སོང་། 

དེ་བཞིན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་རྣམ་པ་དང་འབྲེལ་ནས་ཁྱིམ་སྡོད་བཀའ་རྒྱའི་དུས་ཚིགས་འདིར་བོད་མིའི་ཚོགས་སྒེར་ཁག་གིས་སྤྱི་ཚོགས་དྲྭ་རྒྱ་སྤྱད་ནས་ཞུ་གཏུག་གི་ལས་འགུལ་དང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ། རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ། དེ་བཞིན་རེས་གཟའ་ལྷག་པ་ནམ་ཡིན་ལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དང་རྒྱལ་ཚོགས་ཀྱི་མདུན་དུ་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་པ་ལྟར། ངག་དབང་ལགས་ཀྱིས་ཁྲོམ་གཞུང་དང་གཞུང་ཚབ་ཁང་སོགས་ཀྱི་མདུན་དུ་རང་ཉིད་ཀྱི་ཉེ་འཁྲིས་སུ་བོད་ཀྱི་རྒྱལ་དར་དང་སྦྱར་ཡིག་སོགས་བཀལ་ནས་སྒོམ་གནང་སྟེ་ལས་འགུལ་སྤེལ་ཚེ་གོ་རྟོགས་དང་ནུས་པ་ཆེ་བ་ཡོང་ངེས་ཡིན་པ་གསུངས་ཡོད།

ངག་དབང་ལགས་ཀྱིས་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་བོད་རིགས་གཞོན་སྐྱེས་དང་ལྷག་པར་དུ་ཁོང་རང་ཉིད་ཀྱི་དགེ་ཕྲུག་ཚོས་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོ་གནང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།