Tibetan Royal Year of 2151 | Year of the Wood Dragon

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་ཐོག་བོད་ཀྱི་ཁོར་ཡུག་སྐོར་གླེང་དགོས། 

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཕྱི་ཟླ་ ༩ ཚེས་ ༢༠ ནས་ ༢༧ བར་གཟའ་འཁོར་གཅིག་གི་རིང་ Global Climate Strike  ཞེས་རྒྱལ་སྤྱིའི་ཁྱོན་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གྱི་ཡོད་པ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་བརྒྱད་ཀྱི་ངོས་ནས་ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༢ བར་དབྱིན་ཡུལ་གྱི་ Glassgow གྲོང་ཁྱེར་ནང་འཚོགས་གཏན་ཁེལ་བའི་ Cop26 རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཀྱི་སྔ་རོལ་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་པའི་ལས་འགུལ་ནང་དྲྭ་ཐོག་བརྒྱུད་མཉམ་ཞུགས་གནང་སྟེ་གོ་ལའི་གནམ་གཤིས་ཀྱི་བགྲོ་གླེང་ཐོག་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ཅི་ཆགས་སྐོར་གླེང་དགོས་པ་དང་ལྷག་དོན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་ཀྱི་སྣོད་བཅུད་ཙམ་མིན་པར་བོད་ཀྱི་ཆུ་བོར་བརྟེན་མཁན་ཨེ་ཤ་ཡའི་མི་ཐེར་འབུམ་གཅིག་ལྷག་གི་འཚོ་བར་ཤུགས་རྐྱེན་ངེས་ཅན་ཞིག་སྤྲོད་ཀྱི་ཡོད་པའི་གསར་འགོད་བསྒྲགས་གཏམ་འགྲེམས་སྤེལ་འདུག གསར་འགོད་བསྒྲགས་གཏམ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཏེ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བ་དང་སྦྲགས་ནས་བོད་ཀྱི་ཁོར་ཡུག་གི་གནད་དོན་གླེང་སློང་གནང་གི་ཡོད་པ་དང་། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་དེ་ད་ཆ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ས་ཁུལ་གཞན་ལས་ཚ་དྲོད་རྒྱས་པའི་མྱུར་ཚད་དེ་གསུམ་ལྡབ་ཆགས་པ་དང་། གཏན་འཇགས་འཁྱག་རོམ་ཞུར་བ། ཆུ་ཡི་བཞུ་རྒྱུན་ལ་འགྱུར་བ་ཐེབས་པ། ལྷག་པར་དུ་ལོ་ལྟར་བོད་མཐོ་སྒང་གི་འཁྱག་རོམ་ཊོན་ཐེར་འབུམ་བརྒྱད་ལྷག་ཞུ་གྱི་ཡོད་པ་དེས་བོད་ཀྱི་སྣོད་བཅུད་ཁོ་ན་མིན་པར་བོད་ཀྱི་ཆུ་བོར་བརྟེན་མཁན་འཛམ་གླིང་གི་མི་ཐེར་འབུམ་གཅིག་ལྷག་གི་འཚོ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པར་བཀོད་འདུགབོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་བྱེད་དབང་མོ་ལགས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་ཁྲོད་བོད་དེ་ཤུགས་རྐྱེན་ཆེ་ཤོས་ཐེབས་ཡུལ་རྒྱལ་ཁབ་ཅིག་ཡིན་སྟབས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནད་དོན་སྐོར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་ཐོག་ངེས་པར་དུ་གླེང་དགོས་པར་གསུངས་འདུག་པ་དང་། ད་དུང་སའི་གོ་ལའི་ཚ་དྲོད་རྒྱས་པ་དང་སྦྲགས་བོད་ཀྱི་འཁྱག་རོམ་ཡང་མྱུར་པོ་ཞུ་བཞིན་ཡོད་པས་ང་ཚོས་ Amazon དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་མི་མང་དང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་གོད་ཆག་ཤུགས་ཆེ་ཕོག་ཡུལ་གྱི་མི་མང་དང་ཁོར་ཡུག་ལས་འགུལ་བ་ཚོ་དང་མཉམ་འབྲེལ་གྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་ལ་མཉམ་ཞུགས་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཅེས་གསུངས་འདུགགསར་འགོད་བསྒྲགས་གཏམ་ནང་ད་དུང་བོད་ནང་ཡོད་པའི་བོད་མི་རྣམས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་འདོད་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པས་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་གླེང་སློང་གནང་ཐུབ་པར་འབད་བརྩོན་གནང་དགོས་པ་དང་། ལྷག་དོན་བོད་ནང་ལ་ཆ་མཚོན་ན་རྒྱ་གཞུང་གིས་བོད་མི་རྣམས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གླེང་སློང་གནང་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དེ་ལྟར་ནའང་། གླེང་སློང་དེ་ལྟར་གནང་བ་ནི་ད་ཆ་འཕྲད་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ངལ་བ་སེལ་བར་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་བཀོད་ཡོད། གཞི་རྩའི་ཐེངས་འདིའི་གསར་འགོད་བསྒྲགས་གཏམ་དེ་བཞུགས་སྒར་དྷརྨ་ས་ལའི་ས་གནས་འགོ་འཛིན་ཁོར་ཡུག་སྡེ་ཚན་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་བརྒྱད་ཐུན་མོང་གིས་སྤེལ་བ་ཞིག་ཡིན་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་བོད་ནང་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་དང་ཆུ་མཛོད་རྒྱག་རྒྱུ།  དེ་བཞིན་རང་བྱུང་གཏེར་ཁ་སྔོག་འདོན། བོད་མཐོ་སྒང་གི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་དག་གཏོར་བཤིག་གིས་བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།