Tibetan Royal Year of 2151 | Year of the Wood Dragon

གྲངས་ཉུང་མི་རིགས་ཀྱི་བཙོན་པ་རྣམས་ཀྱི་དབང་པོ་གཅོད་བྲེགས་ཀྱིས་སྔོག་འདོན་བྱས་པ་མངོན་གསལ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་མི་སྣ་དང་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་མིའི་ལུས་རྟེན་ནང་གི་ནང་འཁྲོལ་དབང་པོ་གཅོད་བྲེགས་ཀྱིས་སྔོག་འདོན་བྱས་དང་བྱེད་མུས་ཀྱི་གནས་ཚུལ་ཕྱིར་མངོན་དང་སྦྲགས་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་འདུགརྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གིས་ཁ་སང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་རྒྱ་གཞུང་གིས་ Falun Gong ཆོས་བརྒྱུད་འཛིན་མཁན་དང་ཡུ་གུར་གཙོས་ཁ་ཆེ་མི་རིགས། བོད་རིགས། དེ་བཞིན་ཡེ་ཤུ་སོགས་དེ་གའི་བཀག་སྐྱིལ་ཁང་དུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ལུས་རྟེན་ནང་གི་ནང་འཁྲོལ་དབང་པོ་རྣམས་གཅོད་བྲེགས་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག་པ་དང་། བཙོན་པ་རྣམས་ཀྱི་ཁོངས་ནས་གྲངས་ཉུང་མི་རིགས་ཀྱི་བཙོན་པ་རྣམས་ཆེད་དུ་ལོགས་སུ་བཀར་ནས་བཙན་དབང་གི་སྒོ་ནས་ནང་འཁྲོལ་གྱི་དབང་པོ་རྣམས་ X Ray ཞེས་འཕྲུལ་ཆས་ཀྱི་བརྒྱུད་དེ་གློག་པར་ལེན་རྒྱུ་དང་ཁྲག་བརྟག་དཔྱད་བྱས་ནས་སྐྱོན་ཆ་མེད་པའི་དབང་པོ་ཡོད་རིགས་རྣམས་དབང་པོ་སྦྱིན་གཏོང་གི་ཐོ་གཞུང་ནང་ཐོ་འགོད་བྱེད་ཀྱི་ཡོད་རཔ་འགྲེལ་བརྗོད་གནང་འདུག་པ་མ་ཟད། བཙོན་པ་རྣམས་ཀྱི་ལུས་ནས་སྔོག་འདོན་བྱ་རྒྱུའི་ནང་འཁྲོལ་དབང་པོའི་ཁོངས་ནས་གྲངས་འབོར་མང་ཤོས་ནི་སྙིང་དང་མཁལ་མ། མཆིན་པ། མིག་སྐྱི་བཅས་ཡིན་པ་བརྗོད་འདུག དེ་བཞིན་བྱ་ངན་དེ་དག་གི་ལས་ཀྱི་སྣེ་མོ་འམ་དབང་པོ་གཅོད་བྲེགས་ཀྱིས་སྔོག་འདོན་བྱ་མཁན་གྱི་མི་སྣ་དེ་དག་ནི་འཕྲོད་བསྟེན་ཆེད་ལས་མི་སྣ་དང་། གཤག་བཅོས་སྨན་པ། སྦྲིད་སྨན་རྒྱག་མཁན་གྱི་སྨན་པ་བཅས་ཆགས་ཀྱི་ཡོད་པ་དང་། སྤྱིར་དེ་སྔ་ཕྱི་ལོ་ ༢༠༠༦ དང ༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་དབང་པོ་ཞལ་འདེབས་ཀྱི་ལས་དོན་ཐད་གནས་ཚུལ་མཁོ་སྤྲོད་དགོས་པའི་རེ་བ་བཏོན་སྐབས་རྒྱ་གཞུང་གི་ཐོ་གཞུང་ནང་འཁོད་པའི་དབང་པོ་དེ་དག་གི་ཡོང་ཁུངས་དང་དུས་ཚོད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་མ་ཟད་བཙོན་ཁང་དུ་འདས་གྲོངས་སུ་གྱུར་བའི་བཙོན་པའི་སྐུ་ཕུང་རྣམས་ནང་མིར་མཁོ་སྤྲོད་བྱ་རྒྱུར་རེ་བ་བྱས་ཀྱང་སྐུ་ཕུང་རག་གི་མེད་པ་རེད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་དག་གིས་རྒྱ་ནག་ནང་གི་དབང་པོ་སྔོག་འདོན་གྱི་གནས་ཚུལ་ར་འཕྲོད་བྱུང་བར་ཐུགས་འཚབ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ། གནད་དོན་འདིའི་ཐད་རྒྱ་ནག་གཞུང་ནས་ལན་འདེབས་ཁ་གསལ་ཞིག་ངེས་པར་དུ་དགོས་པ་དང་ལྷག་པར་དུ་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་ཅིག་གནད་དོན་དེའི་ཆེད་དུ་རྒྱ་ནག་ལ་རྟོག་ཞིབ་སླད་གཏོང་དགོས་པར་བརྗོད་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ཧྥ་ལུང་གོང་ཆོས་བརྒྱུད་པ་གཙོ་བོར་གྱུར་བའི་བཙོན་པའི་ལུས་རྟེན་ནང་གི་དབང་པོ་གཅོད་བྲེགས་ཀྱིས་སྔོག་འདོན་བྱས་པའི་བྱ་ངན་ཐད་གནས་ཚུལ་ཐོག་མ་དེ་ཕྱི་ལོ་ ༢༠༠༦ ལོར་ཐོན་ཡོད་པ་དང་། ལོ་དེ་ག་རང་དུ་ཁེ་ན་ཌའི་ཁྲིམས་རྩོད་པ་ David Kilgour དང་ David Matas གཉིས་ཀྱིས་བཏོན་པའི་ཞིབ་འཇུག་སྙན་ཐོར་ལོ་ ༢༠༠༠ ནས་ ༢༠༠༥ བར་དུ་རྒྱ་ནག་ནང་དབང་པོ་བརྗེ་བསྒྱུར་གྱི་ལས་གཞི་ཕྱོགས་བསྡོམས་ལས་ཁྱོན་དབང་པོ་བཞི་ཁྲི་ཆིག་སྟོང་ལྷག་ཙམ་གྱི་འབྱུང་ཁུངས་གསལ་མེད་པ་དང་དེའང་ falun Gong ཆོས་བརྒྱུད་འཛིན་མཁན་གྱི་བཙོན་པའི་སར་ནས་ཐོབ་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།