Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་ཟུར་ལེགས་བཤད་ཐུབ་བསྟན་ལགས་འདས་གྲོངས་སུ་གྱུར་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ལམ་ཕྱི་ཟླ་བཞི་པའི་མགོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ནས་ཡིན་པ་བོད་མི་ཆབ་སྲིད་བཙོན་ཟུར་ལེགས་བཤད་ཐུབ་བསྟན་ནམ་སྐྱ་མིང་དུ་སྤེན་པ་དབང་འདུས་ལགས་རྒྱ་ནག་གཞུང་གིས་ཆེས་སྡུག་རྩུབ་ཀྱི་དབང་སྒྱུར་འོག་མི་ལོ་ལྔའི་རིང་བཙོན་ཁང་དུ་རྣམ་པ་འདྲ་མིན་ཐོག་ནས་མི་སྤྱོད་ལས་འདས་པའི་ཉེས་རྡུང་སྣ་ཚོགས་ཕོག་རྐྱེན་ནད་གཅོང་གྱུར་ནས་མཐར་སྐུ་འདས་གྲོངས་སུ་གྱུར་འདུགབོད་མིའི་ཆབ་སྲིད་བཙོན་ཟུར་ལེགས་བཤད་ཐུབ་བསྟན་དམ་པ་ཁོང་ནི་ཆུང་དུས་ནས་འཕན་པོ་ནཱ་ལེནྡཱ་དགོན་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཁུའེ་ཡོན་བོད་དུ་སླེབས་ནས་བོད་ནང་རིས་མེད་དགོན་སྡེ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་བཤམ་མི་ཆོག་པའི་ཡོངས་བསྒྲགས་བྱས་པ་སོགས་ཆོས་སྲིད་གཉིས་ཀྱི་ཐད་ནས་ཆེས་དམ་དྲག་གི་སྲིད་ཇུས་སྤེལ་བའི་དུས་སྐབས་ཤིག་ཡིན་སྟབས། དམ་པ་ཁོང་གིས་སྐབས་དེར་ཆབ་སྲིད་ལས་འགུལ་སྤེལ་རྐྱེན་ཕྱི་ལོ་ ༡༩༩༥ ཟླ་ ༣ པའི་ནང་ལྷུན་གྲུབ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་གིས་ལྷ་ས་གྲོང་ཁྱེར་རྒུ་ཚ་བཙོན་ཁང་དུ་ལོ་གཉིས་ལྷག་ཙམ་རིང་བཀག་ཉར་དང་དྲི་གཅོད་འོག་ལུས་སེམས་གཉིས་ཀར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་པ་མ་ཟད། དེ་རྗེས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་གནས་སྤོ་བཏང་ནས་ཁྱོན་མི་ལོ་ལྔའི་རིང་བཙོན་ཁང་དུ་རྣམ་པ་འདྲ་མིན་ཐོག་ནས་མི་སྤྱོད་ལས་འདས་པའི་ཉེས་རྡུང་སྣ་ཚོགས་ཕོག་རྐྱེན་ནད་གཅོང་གྱུར་ནས་མཐར་སྐུ་འདས་གྲོངས་སུ་གྱུར་འདུག

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐོག་ལ་མཁྱེན་རྟོགས་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་ལ་བཅར་འདྲི་ཞུས་ཡོད། རྩ་བའི་བོད་མི་ཆབ་སྲིད་བཙོན་ཟུར་ལེགས་བཤད་ཐུབ་བསྟན་ལགས་སྐུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཁ་གསལ་ཞིག་རྟོགས་དཀའ་བས་དམ་པ་ཁོང་གི་ནང་མི་སྤུན་མཆེད་རྣམས་ཀྱི་གནས་སྟངས་ཇི་ཡོད་སྐོར་ལ་ཤེས་རྟོགས་ཐུབ་ཕྱིར་འབད་བརྩོན་ཞུས་ཀྱང་རྒྱ་གཞུང་གིས་ཆེས་དམ་དྲག་འོག་གནད་དོན་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།