Tibetan Royal Year of 2151 | Year of the Wood Dragon

ཊམ་སྲིད་གཞུང་ལ་བོད་དོན་ཁྲིམས་གཞི་ཕྱག་བསྟར་དགོས་པའི་ཞུ་སྐུལ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ༣༢ ཀྱིས་མཉམ་འབྲེལ་ཐོག་ནས་ཨ་རིའི་ཕྱི་སྲིད་ཀྱི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གི་མཚན་ཐོག་ལ་ཞུ་སྐུལ་གྱི་ཕྱག་ཡིག་ཞིག་ཕུལ་ནས་སྲིད་འཛིན་ཌོ་ནལ་ཊམ་སྲིད་གཞུང་གིས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་དོན་གྱི་ཁྲིམས་གཞི་ཕྱག་བསྟར་དོ་ནན་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཁ་སང་ཨ་རིའི་གྲོས་ཚོགས་འོག་མིའི་ Tom Lantos Human Rights Commission འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཞབས་ Jim McGovern མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Christopher H. Smith མཆོག་གི་ཆབ་སྲིད་ཚོགས་པ་ཐུན་མོང་གིས་ཞུ་སྙན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་  Mike Pompeo མཆོག་ལ་ཕུལ་འདུག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དག་གིས་རྒྱ་ནག་གིས་མུ་མཐུད་དུ་བོད་མིར་དམ་དྲག་བྱེད་བཞིན་པའི་གནས་སྟངས་དེར་སེམས་འཚབ་ཡོད་པར་བརྗོད་ནས་དེ་ནི་ཨ་རིའི་སྲིད་གཞུང་གི་ངོས་ནས་ཛ་དྲག་ཐོག་ནས་བོད་དོན་གྱི་ཁྲིམས་གཞི་དེ་དག་གང་མགྱོགས་ཕྱག་བསྟར་གནང་དགོས་པའི་དུས་ལ་བབ་ཡོད་པ་གསུངས་འདུག

སྐུ་ཞབས་ Jim McGovern  མཆོག་གིས་ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ཐད་སེམས་འཚབ་ཆེ་བའི་གྲོས་ཚོགས་འཐུས་མི་མང་དུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཨ་རིའི་སྲིད་གཞུང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་རྒྱ་ནག་སྲིད་གཞུང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་འཛིན་གནང་དགོས་པར་གསུངས་ནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཨ་རིའི་སྲིད་འཛིན་ཊམ་དང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་རྣམས་གཉིས་ཀྱིས་བོད་དོན་སྲིད་བྱུས་ཀྱི་ཁྲིམས་གཞི་དང་ཕྱི་ལོ་ ༢༠༡༨ ལོར་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་ཆོད་གཏན་འབེབས་གནང་བའི་ཁྲིམས་གཞི་གཉིས་ཡོངས་སུ་ཕྱག་བསྟར་གནང་བར་སྐུལ་མ་གནང་འདུག

Christopher H. Smith མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གཞུང་འཛིན་མི་སྣ་ཚོས་བོད་མིའི་མངོན་འདོད་ལྟར་རང་སྐྱོང་གི་གནས་བབ་ཐོབ་སླད་རྒྱབ་སྐྱོར་གནང་དགོས་པ་མ་ཟད། གྲོས་ཚོགས་ཀྱི་ངོས་ནས་ཨ་རིའི་གཞུང་འབྲེལ་གྱི་སྐུ་ཚབ་དང་གསར་འགོད་པ་སོགས་བོད་ནང་རང་དབང་ཐོག་འགྲོ་སྐྱོད་བྱེད་པར་སྐུལ་མ་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་བོད་ནང་གི་བསམ་བློའི་རང་དབང་གི་བཙོན་པ་སོགས་ཀྱི་གནད་དོན་གླེང་སློང་གནང་སྟེ་ཨ་རིའི་འཛིན་སྐྱོང་གིས་ངེས་པར་དུ་གྲོས་ཚོགས་ཀྱིས་གཏན་ལ་ཕབས་པའི་ ༢༠༠༢ དང་ ༢༠༡༨ གྱི་བོད་དོན་གྱི་ཁྲིམས་གཞི་གཉིས་ཕྱག་བསྟར་དོན་འཁྱོལ་གནང་རྒྱུ་ནི་ཛ་དྲག་གི་གནས་བབས་ཤིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་གྲོས་ཚོགས་ཀྱི་ཞུ་སྐུལ་དེ་ནི་ཨ་རིའི་མི་མང་གིས་ཨ་རིའི་འཛིན་སྐྱོང་ལ་བོད་དོན་རྒྱབ་སྐྱོར་དགོས་པའི་རྣམ་འགྱུར་སྟོན་སྟངས་ཤིག་ཡིན་པར་བརྗོད་གནང་ཡོད་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་བ་བརྒྱུད་ནས་ཨ་རིའི་སྲིད་གཞུང་གིས་དྲང་ཚུགས་ཐུབ་པའི་ཐོག་ནས་བོད་དོན་ཙམ་མ་ཡིན་པར་དྲང་བདེན་དང་གནས་ལུགས། དེ་བཞིན་རིན་ཐང་སོགས་ཀྱི་གཙིགས་སུ་འཛིན་བཞིན་པ་མཚོན་པར་གནང་ཡོད་པ་དང་། དེ་ནི་ང་ཚོ་ཚང་མའི་གནད་དོན་ཞིག་ཡིན་པ་མ་ཟད་ང་ཚོའི་འཚོ་གནས་ཀྱི་གལ་གནད་ཅིག་ཀྱང་རེད་ཅེས་ཐ་ཚིག་བསྒྲགས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།