Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་གྱི་མཁའ་ལམ་ཐོག་རྒྱ་གཞུང་གིས་འཐབ་འཛིང་གནམ་གྲུ་བཏང་ནས་འཇིགས་སྐུལ་བྱས་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

AP གསར་ཁང་གིས་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ཟླ་བ་ནས་བཟུང་ཐེ་ཝན་ལོ་རྒྱུས་གྱི་ཟིན་ཐོའི་ནང་ཆེས་ཐོག་མར་རྒྱ་ནག་གཞུང་གིས་འཐབ་འཛིང་གནམ་གྲུ་ ༥༦ ཙམ་ཐེ་ཝན་རང་སྐྱོང་གླིང་ཕྲན་གྱི་མཁའ་ལམ་དུ་བཏང་སྟེ་དྲག་པོའི་དམག་གི་འགྲེམས་སྟོན་དང་འཇིགས་སྐུལ་གྱི་རྣམ་ཆེད་བཏོན་བྱས་པ་བཀོད་འདུགརྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་གནམ་གྲུ་ནང་གནམ་གྲུ་དང་པོ་ནས་ལྔ་བཅུ་ང་གཉིས་ཀྱི་ཁོངས་སུ་ J- 16 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ ༣༤ དང་། H -6 རྟགས་ཅན་གྱི་འབར་རྫས་གཡུག་མཁན་གྱི་གནམ་གྲུ་ ༡༢ བཅས་ཆེད་གཏོང་བྱས་པ་མ་ཟད། ཐེ་ཝན་གྱི་ལྷོ་ནུབ་ཁུལ་དུ་ J- 16 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ ༤ སླར་ཡང་ཆེད་གཏོང་བྱས་པ་ཐེ་ཝན་མཁའ་དམག་གིས་ཤེས་རྟོགས་བྱུང་བར་འགྲེལ་བརྗོད་དང་འབྲེལ་ཏེ་ཐེ་ཝན་མཁའ་དམག་རུ་ཁག་ནས་རྒྱ་ནག་གཞུང་གིས་བྱ་འགུལ་དེར་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་སྐོར་ཐེ་ཝན་བློན་ཆེན་ཞིག་གིས་འགྲེལ་བརྗོད་གནང་འདུགདེ་བཞིན་ཆེད་ལས་མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་གིས་དྲག་པོའི་སྟོབས་ཤུགས་ཀྱི་འཇིགས་སྐུལ་དེ་ནི་དམག་དོན་སྦྱོང་བརྡར་དང་ཐད་ཀར་འཐབ་འཛིང་གི་དམག་དོན་འགུལ་སྐྱོད་ཅིག་ཡིན་པར་འགྲེལ་བརྗོད་བྱས་འདུག་པ་མ་ཟད་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་ཨོ་སི་ཊོ་ལི་ཡའི་རླུང་འཕྲིན་ལས་ཁང་ཞིག་ལ་བཅར་འདྲི་དང་ལེན་གནང་སྐབས་རྒྱ་ནག་གཞུང་གིས་ཐེ་ཝན་དང་ལྷན་དུ་དམག་འཐབ་བྱ་རྒྱུའི་གོ་སྐབས་ལ་ངང་སྒུག་བྱས་ནས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།གཞན་ཡང་རེས་གཟའ་མིག་དམར་ཉིན་ཨ་རི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག JenPsaki ལགས་ཀྱིས་རྒྱ་ནག་གཞུང་གིས་ཐེ་ཝན་ཁུལ་དུ་དྲག་པོའི་དམག་གི་འཇིགས་སྐུལ་བྱས་ཡོད་པའི་སྐོར་ཤེས་རྟོགས་ཡོད་ཅེས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གིས་རྩིས་ལོག་རྒྱག་སྟེ་ཐེ་ཝན་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་སྐྱོན་གཏོང་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་དམག་དོན་གྱི་ལས་དོན་ཁག་ཕྱིར་བསྡུ་བྱེད་དགོས་པ་མ་ཟད། དཔལ་འབྱོར་སོགས་ཀྱི་རྒྱབ་རྟེན་ཡོད་ཐོག་དབང་ཡོད་ཤོད་རྒྱུ་མཚམས་འཇོག་བྱེད་དགོས་པར་འགྲེལ་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་རི་གཞུང་གིས་ཀྱང་ཐེ་ཝན་ལ་མཚོན་ཆ་སོགས་འཚོང་འགྲེམས་བྱེད་བཞིན་པ་ནི་ཨ་རྒྱ་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ལན་འདེབས་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།