Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་མང་གཙོ་དོན་གཉེར་བ་དང་བོད་མིའི་ལས་འགུལ་བར་གསང་མྱུལ་བྱས་པར་ཐེ་ཝན་མི་གཉིས་ལ་ཁྲིམས་ཆད།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཐེ་ཝན་གྱི་མི་ཟེར་ཡིན་པ་ Fang Hsiang དང་ཁོང་གི་ལས་རོགས་ཞིག་གིས་ཁུལ་དེའི་ནང་གི་ཐེ་ཝན་མང་གཙོ་དོན་གཉེར་བ་དང་ལས་འགུལ་བ། དེ་བཞིན་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་ལས་འགུལ་བ་ཁག་གཅིག་གི་ཆབ་སྲིད་ཀྱི་ལས་འགུལ་དང་ཚོགས་འདུ་སོགས་ཀྱི་ཐོག་ལ་གནས་ཚུལ་བསྡུ་རུབ་བྱས་ཏེ། རྒྱ་ནག་གི་གསང་བའི་ལས་ཁུངས་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པར་བརྟེན་ས་གནས་ཁྲིམས་ཁང་ཞིག་གིས་ཁོང་ལ་ལོ་ ༥ དང་ཕྱེད་ཀ་དང་། ལས་རོགས་དེར་ལོ་ ༣ དང་ཕྱེད་ཀའི་འི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Fang Hsiang

དེ་ཡང་ཁ་སང་ Taipei Times སོགས་ཐེ་ཝན་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན། སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་ཐེ་ཝན་ཉེན་རྟོག་པས་རང་ལོ་ ༤༠ ཞེ་གྲངས་ནང་ཡོད་པའི་ཚོང་པ་  Fang Hsiang དང་ཁོང་གི་བཟའ་ཟླ་ Jan Chu དེ་བཞིན་ Mongolian and Tibetan Cultural Center འམ་བོད་སོག་རིག་གཞུང་ལྟེ་གནས་ཁང་དུ་ལས་ཀ་གཉེར་མཁན་ཁོང་གི་ལས་རོགས་སོགས་ཁྱོན་མི་ལྔས་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བཀོད་ཁྱབ་འོག་ཐེ་ཝན་མང་གཙོ་དོན་གཉེར་བ་དང་ལས་འགུལ་བ། དེ་བཞིན་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་ལས་འགུལ་བ་ཁག་གཅིག་གི་ཆབ་སྲིད་ཀྱི་ལས་འགུལ་དང་ཚོགས་འདུ་སོགས་ཀྱི་གལ་ཆེའི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ཡན་ལག་ལ་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མངོན་གསལ་དང་འབྲེལ། ཁ་སང་དངོས་སུ་ས་གནས་ཁྲིམས་ཁང་ཞིག་ཏུ་ Fang Hsiang དང་ཁོང་གི་ལས་རོགས་གཅིག་གིས་གྱོད་དོན་ཐོག་ཁྲིམས་ར་ཚོགས་ཡོད་པས་ཐེ་ཝན་ཁྲིམས་ཁང་གིས། གོང་ཞུས་མི་གཉིས་ཀྱིས་རྒྱ་གཞུང་གིས་བཀོད་ཁྱབ་འོག་ཐེ་ཝན་ནང་གི་མང་གཙོ་ལས་འགུལ་བ་དང་། ཁུལ་དེར་གནས་སྡོད་བོད་མི་ལས་འགུལ་བ་ཁག་གཅིག་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱ་གཞུང་ལ་མཁོ་སྤྲོད་བྱས་པའི་ཉེས་པ་བསགས་ཡོད་པ་ར་སྤྲོད་ཀྱིས། ཁོང་ལ་ལོ་ ༥ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་དང་ལས་རོགས་དེར་ལོ་ ༣ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Fang Hsiang

མ་ཟད་གསར་ཁང་གིས་བརྗོད་དོན་ལྟར་ན། གསང་མྱུལ་གྱི་ལས་དོན་སྤེལ་མཁན་ Fang Hsiang དང་ཁོང་གི་བཟའ་ཟླ་ Jan Chu གཉིས་ཀྱིས་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ Hainan ཞིང་ཆེན་གྱི་རྒྱལ་སྲུང་ལས་ཁུངས་ཀྱི་འགན་འཛིན་དང་ཐུག་འཕྲད་བྱས་ཡོད་པ་དང་། དུས་དེ་ནས་བཟུང་འགན་འཛིན་གྱི་བཀོད་ཁྱབ་འོག་ཁོང་གཉིས་ཀྱིས་དངུལ་ཕོན་ཆེ་སྤྲད་དེ་ཇག་ཚོགས་དང་བོད་སོག་རིག་གཞུང་ལྟེ་གནས་ཁང་ལྟ་བུར་ལས་ཀ་གཉེར་མཁན་མི་སྣ་ཁག་གཅིག་ཉོས་ཏེ། བོད་དང་ཐེ་ཝན་གཉིས་ཀྱི་རང་བཙན་ལས་འགུལ་བ་དང་། ལྷག་པར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་ལྟ་རྟོག་བྱེད་དུ་བཅུག་ཏེ་གསང་བ་རྐུ་འཁྱེར་བྱས་བཅུག་གི་ཡོད་པ་ཙམ་མ་ཟད། ཕྱི་ལོ་ ༢༠༡༧ ནས་མཐར་ཕྱི་ལོ་ ༢༠༢༣ ལོ་མཇུག་ཏུ་ཉེན་རྟོག་པས་བཀག་ཉར་མ་བྱས་དབར་རྒྱ་གཞུང་ཆེད་དུ་གསང་མྱུལ་ལས་དོན་སྤེལ་ཡོད་པའི་ཚོད་དཔག་གནང་བཞིན་འདུག

ཁོས་ད་དུང་གསང་མྱུལ་གྱི་ལས་དོན་རྒྱ་སྐྱེད་གཏང་ཆེད་ཁུལ་དེར་ཡོད་པའི་ཇག་ཚོགས་དང་རྒྱ་ནག་ Hainan ཞིང་ཆེན་གྱི་རྒྱལ་སྲུང་ལས་ཁུངས་ཀྱི་འགན་འཛིན་གཉིས་དབར་ཚོགས་འདུ་གོ་སྒྲིག་བྱ་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་བྱས་ཡོད་པ་དང་འབྲེལ། བོད་སོག་རིག་གཞུང་ལྟེ་གནས་ཁང་གི་ལས་བྱེད་གཅིག་རྒྱ་གཞུང་གི་མཐོ་རིམ་ལས་བྱེད་དང་ཐུག་འཕྲད་བྱ་རྒྱུར་གོ་སྒྲིག་བྱས་པའི་བརྒྱུད།  རིག་གཞུང་ལྟེ་གནས་དེའི་ནང་བོད་དང་ཐེ་ཝན་གཉིས་ཀྱི་རང་བཙན་ལས་འགུལ་དང་འབྲེལ་བའི་ཚོགས་འདུ་གང་རུང་ཞིག་ཚོགས་ཀྱང་། དེའི་ནང་དོན་རྒྱ་གཞུང་ལ་མཁོ་སྤྲོད་བྱ་རྒྱུ་མོས་མཐུན་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་མངོན་གསལ་གནང་འདུག

Fang Hsiang

གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་ཐེ་ཝན་ཁྲིམས་ཁང་གིས་མང་གཙོ་དོན་གཉེར་བ་དང་བོད་མིའི་ལས་འགུལ་བར་གསང་མྱུལ་བྱས་པའི་ཉེས་འཛུགས་འོག་ཐའེ་ཝན་གྱི་མི་སེར་གཉིས་ལ་ཁྲིམས་བཅད་བཏང་ཡོད་པའི་གནད་དོན་དེ་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། ཐའེ་ཝན་གཞུང་གིས་ད་ལྟ་ཙམ་མ་ཟད། དེ་སྔ་ཡང་ཁུལ་དེའི་དམག་དཔོན་དང་མཐོ་རིམ་ལས་བྱེད་གཙོས་པའི་མི་བཅུ་གྲངས་ཞིག་ལ་རྒྱ་ནག་གཞུང་ལ་རྐྱོན་བརྗོད་བྱས་མཁན་རྣམས་ལ་སྡིགས་ར་སྐུལ་བ་དང་། གནས་ཚུལ་སྐུ་ཁྱེར་བྱས་པའི་ཉེས་མིང་འོག་འཛིན་བཟུང་དང་ཉེས་ཆད་བཀལ་ཡོད་པ་མངོན་གསལ་དང་འབྲེལ། ལྷག་པར་འདི་ལྟ་བུའི་གསང་མྱུལ་ལས་དོན་སྤེལ་མཁན་ཚོས་ཆབ་སྲིད་ནག་པོ་རྩེ་ནས་ཐེ་ཝན་དང་བོད་གཉིས་ཀྱི་འབྲེལ་ལམ་ལ་གནོད་འཚེ་སྐྱེལ་གྱི་ཡོད་པ་དང་། ཁུལ་དེར་བཅའ་སྡོད་གནང་མཁན་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་བོད་མིའི་ལས་འགུལ་བ་རྣམས་ལས་འགུལ་སྤེལ་བར་དམ་དྲག་ཆེས་ཆེར་བཟོས་ཀྱི་ཡོད་པ་སོགས་གསུངས་སོང་།

Fang Hsiang

གཞི་རྩའི་དེ་སྔ་ཐའེ་ཝན་ཉེན་རྟོག་པས་སྔ་ལོའི་ནང་། Fang Hsiang དང་ཁོང་གི་བཟའ་ཟླ་ Jen Chu གཉིས་དང་ལྷན་གཞན་གསང་མྱུལ་གྱི་ལས་དོན་སྤེལ་མཁན་ཁོང་གི་ལས་རོགས་གསུམ་འཛིན་བཟུང་བྱས་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་ཡུལ་དེའི་གསང་གནས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་ Fang Hsiang དང་ཁོང་གི་ལས་རོགས་གཅིག་ལ་ཁྲིམས་ཆད་ཕོག་ཡོད་པ་ལས། ཁོང་གི་བཟའ་ཟླ་གཙོས་པའི་གཞན་མི་གཉིས་ཀྱི་གྱོད་དོན་དང་འབྲེལ་ནས་ད་ལྟ་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།