Tibetan Royal Year of 2151 | Year of the Wood Dragon

དབྱར་དུས་སློབ་གྲྭར་བཅར་བའི་བོད་ཕྲུག་སློབ་མ་རྣམས་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཟླ་ ༧ ཚེས་ ༤ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་གཉིས་ཀྱིས་སྡེ་ཚན་སོ་སོས་གོ་སྒྲིག་གནང་བའི་དབྱར་དུས་སློབ་གྲྭར་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་པའི་གཞོན་སྐྱེས་ཕོ་མོ་ཁག་གཅིག་དང་དེ་དག་གི་ཕ་མ། དེ་བཞིན་སློབ་གྲྭ་གཉིས་ཀྱི་འབྲེལ་ཡོད་དགེ་ལས་བཅས་པར་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་བ་སྩལ་འདུག

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་དེ་དག་ལ་ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ནས་སྐྱེས་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་སྟབས་ངེས་པར་དུ་སེམས་ལ་ངེས་པར་བྱོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་ཞི་བདེ་ནི་གོ་མཚོན་གྱི་ཐོག་ནས་ཡོང་རྒྱུ་ཞིག་མིན་པར་སེམས་བཟང་པོའི་ཐོག་ནས་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པར་ལམ་སྟོན་མཛད་པར་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་དངོས་ཀྱི་མྱོང་བ་དང་འབྲེལ་ཏེ་བཀའ་སྩལ་བར་བྱང་ཆུབ་ཀྱི་སེམས་དང་གཞན་ཕན་གྱི་དགོངས་པ་ལས་ཐུགས་ལ་ཞི་བདེ་འཁྲུངས་ཀྱི་འདུག་ཅེས་བཀའ་སྩལ་མཛད་འདུག

མཇལ་ཁ་གྲུབ་མཚམས་སུ་རླུང་འཕྲིན་ཁང་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་ལ་དབྱར་དུས་འཛིན་གྲྭའི་ལས་གཞི་སྐོར་བཀའ་འདྲི་ཞུས་ཡོད།

དེ་བཞིན་དབྱར་དུས་འཛིན་གྲྭར་མཉམ་ཞུགས་གནང་མཁན་གྱི་སློབ་མ་ཁག་གཅིག་ལ་བཅར་འདྲི་ཞུས་ཡོད།

གཞི་རྩའི་ཐེངས་འདིའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་བཞིན་པའི་དབྱར་དུས་འཛིན་གྲྭའི་ལས་གཞི་དེ་སྐབས་ ༨ པ་ཆགས་ཀྱི་ཡོད་པ་དང་ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦ ནས་སློབ་གཉེར་བ་ ༢༩ དང་། དེ་བཞིན་དྷ་སྟེང་བོད་ཁྱིམ་གྱི་དབྱར་དུས་འཛིན་གྲྭའི་ལས་གཞི་དེ་སྐབས་ ༡༨ ཆགས་ཀྱི་ཡོད་པ་དང་ཕྱི་རྒྱལ་ཡུལ་གྲུ་ ༦ ནས་སློབ་མ་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད། 

གཞན་ཡང་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་སྣང་མཛད་རྡོ་རྗེ་ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་ཅིག་ལ་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་སྩལ་འདུག

སྐབས་དེར་༸གོང་ས་མཆོག་གིས་ཉེ་བའི་དུས་རབས་ནས་རྒྱ་གར་ཚུད་པའི་འཛམ་གླིང་གི་མི་རྣམས་ཕྱི་དངོས་པོའི་ཡར་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེང་གི་ཆར་ཚན་རིག་པ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ལ་དོ་སྣང་བྱེད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་། ལྷག་པར་ད་ལྟའི་དུས་ཚོད་འདིར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ལ་དོ་སྣང་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།