Tibetan Royal Year of 2151 | Year of the Wood Dragon

དྷ་ས་ཁུལ་གྱི་བོད་མི་བརྒྱ་ཁྲག་ཁ་ཤས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ནང་ཆ་ཤས་བླངས་པ།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

ཁ་ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་རིམ་པ་མཐའ་མའི་ནང་དུ་བཞུགས་སྒར་ཁུལ་ནས་འོས་འདེམས་ཀྱི་ཐོབ་ཐང་ཡོད་པའི་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ཆ་ཤས་བླངས་ཏེ་འོས་ཤོག་འཕངས་འདུག

Tibetans participate in India Eclection
Screenshot: ANI

དེ་ཡང་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ནས་ཕྱི་ཟླ་ ༦ ཚེས་ ༡ བར་རྒྱ་གར་རྒྱལ་ཡོངས་ནང་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་ཚ་ཚ་འུར་འུར་ངང་འགྲོ་ཡོད་པ་དང་ཕྱོགས་མཚུངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་གནས་ཡུལ་རྒྱལ་ཁབ་ཀྱི་ Voter Card ཞེས་འོས་འཕེན་པའི་ལག་འཁྱེར་བཟོས་ནས་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་ཀྱིས་གྲ་སྒྲིག་གནང་ཡོད་པའི་ཁྲོད་འདིར། ཁ་ཉིན་ཕྱི་ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལར་མཚོན་ན། ཁུལ་དེར་འོས་བསྡུའི་སྡེ་ཁག་ ༡༧ ཙམ་དང་དྷ་ས་མེག་གྷན་དུ་འོས་བསྡུའི་སྡེ་ཁག་ ༥ གོ་སྒྲིག་གནང་ཡོད་པའི་ནང་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་མཉམ་ཞུགས་གནང་འདུག

ཁ་ཉིན་རྒྱ་གར་དབུས་གྲོས་ཚོགས་འོག་མ་དང་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་གཅིག་ལྕོགས་གནང་ཡོད་པ་དེའི་ཁྲོད་བོད་མི་སྤྱི་ཚོགས་ཞབས་ཞུ་བ་འཕྲིན་ལས་བྱམས་པ་ལགས་ཀྱིས་གསུངས་དོན་བྱས་ན་ཁོང་ད་རེས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་འདིའི་ནང་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་ལྷག་དོན་རང་ཉིད་བཙན་བྱོལ་བ་ཞིག་ཡིན་རུང་རྒྱ་གར་མི་སེར་དང་འདྲ་མཚུངས་ཀྱིས་འོས་འཕེན་རྒྱུའི་ཐོབ་ཐང་བྱུང་བར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

Tibetans participate in India Eclection
Screenshot: ANI

སྤྱིར་འདས་པའི་ལོ་ཤས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གནས་སྡོད་རྒྱལ་ཁབ་ཀྱི་ Voter Card ཞེས་འོས་འཕེན་པའི་ལག་འཁྱེར་བཟོས་ཏེ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་མཁན་ཇེ་མང་འགྲོ་བཞིན་པའི་མཚམས་འདིར། འདི་ག་རླུང་འཕྲིན་ཁང་གིས་དེ་སྔ་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་འོས་འཕེན་པའི་ལག་ཁྱེར་དང་ Passport ཞེས་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་བཅས་པ་བཞེས་ཆོག་དང་མ་ཆོག་ཅེས་པ་ནི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཞིག་ཡིན་པའི་ཆ་ནས་སྒྲིག་འཛུགས་ནས་ལམ་སྟོན་གནང་རྒྱུ་ལས་ཆོག་དང་མ་ཆོག་གི་ཐོག་ལ་བཙན་བཀའ་གཏང་རྒྱུ་གང་ཡང་མེད་ནའང་། རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཏན་སྡོད་ལག་ཁྱེར་དང་ཕྱི་བསྐྱོད་ལག་དེབ་སེར་པོ་ཁོ་ན་གནང་བཞིན་ཡོད་པས། Voter Card དང་ Passport ཞེས་པ་གཉིས་ནི་རྒྱ་གར་མི་སེར་གྱི་ལག་ཁྱེར་ཞིག་ཆགས་ཀྱི་ཡོད་སྟབས་གཟབ་གཟབ་གནང་དགོས་པ་དང་། རྒྱ་གར་ཆབ་སྲིད་ནང་ཞུགས་པ་དེས་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་བོད་མི་ཚོས་འགན་བཞེས་དགོས་པ་གསུངས་ཡོད།

Tibetans participate in India Eclection
ScreenShot: ANI

རྩ་བའི་ཐེངས་འདིའི་རྒྱ་གར་གྱི་འོས་བསྡུ་དེ་ནི་ལོ་རྒྱུས་ཐོག་གི་འོས་བསྡུ་ཆེ་ཤོས་ཤིག་ཡིན་ཞིང་། འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྱི་མི་འབོར་མང་ཤོས་ཆགས་ཀྱི་ཡོད་པ་མ་ཟད། ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Sukhvinder Singh Sukhu མཆོག་གིས་དབུས་མངའ་སྡེའི་གྲོས་ཚོགས་སུ་བཞེང་མཁན་འོས་མི་ཁག་ཅིག་ཀྱང་དྷ་ས་ས་གནས་འགོ་འཛིན་ལས་ཁང་དུ་ཆེད་ཕེབས་ཀྱིས་ཆབ་སྲིད་ཚོགས་པ་དེ་ཉིད་ཀྱི་འོས་མིར་རྒྱབ་སྐྱོར་ཐོབ་ཆེད་བོད་མི་མང་ཚོགས་དང་ཐུགས་ཕྲད་གནང་སྟེ་ཁོང་རྣམ་པའི་ངལ་བ་ཁག་སེལ་རྒྱུར་གྲ་སྒྲིག་ཨང་སར་ཡིན་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་ཡོད་པ་རེད།

Tibetans participate in India Eclection

འབྲེལ་ཡོད་གསར་གནས།

གསར་གནས།