Tibetan Royal Year of 2151 | Year of the Wood Dragon

པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་ཏཱ་ལའི་བླ་མའི་མཚན་གནས་རྗེས་དྲན་གྱི་སློབ་ཁྲིད་ཞབས་སྟེགས་གསར་འཛུགས་གནང་རྒྱུ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་གར་གྱི་གྲོང་ཁྱེར་ Chandigarh དུ་རྟེན་གཞི་བྱས་པའི་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་སློབ་ཁྲིད་ཞབས་སྟེགས་གསར་འཛུགས་བྱེད་རྒྱུའི་གྲོས་མཐུན་ཞིག་བཞག་འདུག

The_Central_Library,_Panjab_University,_Chandigarh
པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་དབུས་དཔེ་མཛོད་ཁང་།

དེ་ཡང་རྒྱ་གར་གྱི་ Hindustan Times གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Foundation for Universal Responsibility འམ་༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁྲི་ཐེབས་རྩ་ཁང་དང་། པན་ཇབ་གཙུག་ལག་སློབ་གཉེར་ཁང་གཉིས་དབར་གྲོས་མཐུན་ཞིག་འཇོག་པའི་བརྒྱུད་སློབ་གཉེར་ཁང་དེའི་ནང་གི་ Gandhian and Peace Studies འམ་བདག་ཉིད་ཆེན་པོ་གྷན་དྷི་དང་འཛམ་གླིང་ཞི་བདེའི་ཉམས་ཞིབ་ཚན་པའི་འོག་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་སློབ་ཁྲིད་ཞབས་སྟེགས་གཅིག་གསར་འཛུགས་གནང་གཏན་ཁེལ་འདུག

Dalai Lama visiting guest speaker chair ཞེས་པའི་ཞབས་སྟེགས་དེའི་བརྒྱུད་གཙོ་བོ་དེང་དུས་ཀྱི་གནད་དོན་ཁག་སེལ་རྒྱུར་ནང་པའི་ཐབས་ལམ་དང་། བོད་དང་པཱ་ལིའི་ནང་པའི་གཞུང་ལ་སློབ་སྦྱོང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དང་བཟོ་བཀོད། ནང་པའི་ལྟ་གྲུབ་བཅས་གསོ་སྐྱོང་དང་དར་སྤེལ་གོཏང་ཐབས་གནང་རྒྱུ་རེད་འདུག

Dalai Lama Chair in Punjab University

པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ Renu Vig ལགས་ཀྱིས་ Hindustan Times གསར་ཁང་ལ་སློབ་གཉེར་ཁང་ངོས་ནས་དེ་ལྟ་བུའི་ཞབས་སྟེགས་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ལྟ་གྲུབ་དང་། ལོ་རྒྱུས། ཆོས་ལུགས་སློབ་གཉེར་ཁྱབ་སྤེལ་ཆེད་རྒྱ་གར་དང་བོད་ཀྱི་ཤེས་རིག་ཤུལ་བཞག་རྣམས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་པར་བརྗོད་འདུག་པ་དང་སྦྲགས། ལས་གཞི་དེའི་བརྒྱུད་༸གོང་ས་མཆོག་གི་གསུང་དང་ལྟ་གྲུབ་ཁྱབ་སྤེལ་བྱ་རྒྱུ། དེ་བཞིན་སློབ་ཕྲུག་དང་། སློབ་དཔོན། རྒྱ་ཆེའི་སྤྱི་ཚོགས་བཅས་ཀྱི་ཁྲོད་དུ་དཔྱད་ཞིབ་ཀྱི་བསམ་བློ་དང་རང་རྟོག་སྤེལ་རྒྱུ། ལྷག་པར་དུ་དེང་དུས་ཀྱི་གནད་དོན་ཁག་སེལ་རྒྱུར་ནང་པའི་ཐབས་ལམ་དང་། བོད་དང་པཱ་ལིའི་ནང་པའི་གཞུང་ལ་སློབ་སྦྱོང་། བོད་ཀྱི་ནང་པའི་སྒྱུ་རྩལ་དང་བཟོ་བཀོད། ནང་པའི་ལྟ་གྲུབ་བཅས་ཀྱི་སློབ་གཉེར་སྤེལ་རྒྱུར་རོགས་རམ་བྱ་རྒྱུ་དེ་ཡིན་པའི་འགྲེལ་བརྗོད་གནང་འདུག

Renu Vig Punjab University
Renu Vig

ཕྱོགས་མཚུངས་ Gandhian and Peace Studies འམ་བདག་ཉིད་ཆེན་པོ་གྷན་དྷི་དང་འཛམ་གླིང་ཞི་བདེའི་ཉམས་ཞིབ་ཚན་པའི་འགན་འཛིན་ Ashu Pasricha ལགས་ཀྱིས་ཕྱོགས་གཉིས་ཀྱི་གྲོས་མཐུན་འདིས་༸གོང་ས་མཆོག་གིས་མཛད་རྗེས་ཁྲོད་འཚེ་བ་མེད་པ་དང་། ཞི་བདེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཤེས་སྦྱོང་། དེ་བཞིན་གྷན་དྷིའི་ལྟ་གྲུབ་དང་། གཞི་རྩའི་ཞིབ་འཇུག་དང་ནུས་སྟོབས་གོང་སྤེལ་གྱི་བརྗོད་གཞི་གལ་ཆེན་ཁག་གི་ཐོག་ཞིབ་འཇུག་ཟབ་ཏུ་གཏོང་རྒྱུ་ཡིན་པ་གསལ་བཏོན་གནང་འདུག  མ་ཟད་གཙུག་ལག་སློབ་གཉེར་ཁང་འདིའི་༸གོང་ས་མཆོག་གི་མཚན་གནས་རྗེས་དྲན་གྱི་སློབ་ཁྲིད་ཞབས་སྟེགས་བརྒྱུད་དེང་དུས་གཞོན་སྐྱེས་ཀྱི་འབོད་སྒྲ་དང་མཁས་པའི་རྣམ་དཔྱོད་མངོན་འགྱུར་བྱེད་མཁན་དང་འབྲེལ་བའི་སློབ་ཚན་ཁག་གི་མཁས་དབང་ཡིད་རྟོན་རུང་བ་རྣམས་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད་འདུག

Dalai Lama with Indian Students

རྩ་བའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་ལས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་དང་། ལྷག་པར་གནའ་བོའི་རྒྱ་གར་གྱི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་རིག་གཞུང་སླར་གསོ་གནང་རྒྱུ་བཅས་ཀྱིས་རྒྱ་གར་གྱི་ཤེས་ལྡན་མང་ཚོགས་ཁྲོད་སེམས་འགུལ་གང་མང་ཐེབས་པ་དང་འབྲེལ། རྒྱ་གར་གྱི་ Max India Foundation དང་ཨ་རིའི་ Emory མཐོ་སློབ་གཉིས་ཀྱིས་མཉམ་འབྲེལ་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་ནང་དུ་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་སྦྱོང་བརྡར་ཁྱབ་ཆེན་པོའི་ཐོག་སྤྲོད་བཞིན་ཡོད་པ་དང་། དེ་བཞིན་འདི་ག་ཧི་མ་ཅལ་མངའ་སྡེ་ནང་དུ་བཞུགས་སྒར་དྷ་རམ་ས་ལའི་ཉེ་མཁྲིས་སུ་རྟེན་གཞི་བྱས་པའི་ The Government Degree College of Dharamshala ཞེས་པའི་གཞུང་གི་མཐོ་སློབ་དེའི་ནང་དུ་ཡང་༸གོང་ས་མཆོག་གི་མཛད་རྗེས་ཁྲོད་ལས་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཆེད་སྦྱོང་ཐོག་ཟླ་བ་དྲུག་གི་ལག་ཁྱེར་ལྡན་པའི་སློབ་ཁྲིད་ཀྱི་སློབ་ཚན་ཞིག་ཀྱང་གསར་འཛུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།