Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་པར་རིས་དང་གཏམ་བརྗོད་བརྒྱུད་རྒྱལ་སྤྱིའི་ཤེས་ཡོན་ཉིན་མོ་སྲུང་བརྩི།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཕྱི་ཟླ་ ༩ ཚེས་ ༩ ཉིན་ international day to protect education from attack ཞེས་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་ཤེས་ཡོན་ཉིན་མོ་སྲུང་བརྩི་དང་ལྷག་པར་ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གཉིས་རིང་ G 20 ཞེས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་མེག་གྷན་གྱི་བཞི་མདོར་རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པར་ངོ་རྒོལ་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་དང་ལྷན་དུ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་སྐོར་པར་རིས་དང་གཏམ་བརྗོད་བརྒྱུད་ལས་འགུལ་སྤེལ་སོང་།

བཞུགས་སྒར་མེག་གྷན་གྱི་བཞི་མདོར་ཞི་ཅིན་ཕིང་གི་འདྲ་པར་གྱོན་པའི་མི་ཞིག་གི་ལག་ལ་དྲག་པོ་དབྱུག་པ་འཁྱེར་ནས་བོད་ཕྲུག་ཁག་ཅིག་མདུན་དུ་འདུ་ཆེད་སྐོང་གིས་ཞི་ཅིན་ཕིང་གི་ནག་པང་གི་སྟེང་དུ་སློབ་ཚན་དང་པོའི་ནང་ཁྱེད་རང་རྒྱ་རིགས་རེད་ཅེས་སློབ་པར་མ་ཟད། གཤམ་དུ་བོད་ཅེས་པའི་ཐ་སྣད་ལ་ནོར་རྟགས་བཀོད་ནས་ Xizang ཡིན་པ་མཛུབ་སྟོན་བྱེད་བཞིན་པ་བཅས་བོད་ནང་བོད་སློབ་རྣམ་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་བོད་མིའི་ངོ་བོ་དང་སྐད་ཡིག་སོགས་རྩ་མེད་བཟོ་བཞིན་པའི་གཏམ་བརྗོད་དང་པར་རིས་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་རྒྱ་ཡིག་གཙོ་བཟུང་བྱས་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་དེས་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པར་མ་ཟད། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་གྲོང་སྡེ་དང་གྲོང་ཁྱེར་མང་པོའི་བོད་མིང་རྒྱ་བསྒྱུར་བྱེད་བཞིན་པ་དང་། ལྷག་དོན་ཉེ་ཆར་བོད་ཅེས་པའི་ཐ་སྙད་ཀྱང་ Xizang ཞེས་པར་མིང་བསྒྱུར་བྱེད་དགོས་པའི་གྲོས་ཆོད་སོགས་འཇོག་བཞིན་པ་ནི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རང་བཞིན་མཚོན་ཐུབ་པས་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གཞུང་གི་བྱེད་བབས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་རྒྱ་ནག་དང་ལྷན་བོད་དང་བོད་མིའི་གནད་དོན་ངེས་པར་དུ་གླེང་སློང་གནང་རོགས་ཞེས་གསུངས་ཡོད།

རྩ་བའི་འདི་ལོ་ ༢༠༢༣ ལོའི་ G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་ཐེངས་ ༡༨ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་ ༩ ཚེས་ ༩ ནས་ ༡༠ བཅས་ཉིན་གྲངས་གཉིས་རིང་འཚོགས་གཏན་འཁེལ་ཡོད་པ་ལྟར། ཁ་སང་ཨིན་ཡུལ་བོད་རིགས་ཚོགས་པ་དང་ Free Tibet འམ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་སྦྲེལ་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་གྲོས་ཚོགས་མདུན་ཐང་དང་དེ་རྗེས་ཁུལ་དེའི་ནང་གྲགས་ཆེ་བའི་ས་ཚིགས་ Trafalgar Square གཉིས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་སྒོ་རྒྱག་དགོས་པའི་དགོས་འདུན་དང་འབྲེལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཅེས་པའི་ལས་འགུལ་ཞིག་གོ་སྒྲིག་གནང་སྟེ། ས་ཚིགས་དེར་ཕར་འགྲོ་ཚུར་འོང་གནང་མཁན་མང་ཚོགས་རྣམས་ལ་ནག་པང་སྟེང་རང་ཉིད་ཀྱི་མཚན་བོད་ཡིག་ཐོག་ཇི་ལྟར་འབྲི་ཚུལ་སློབ་ཁྲིད་གནང་བའི་ཐོག་ནས་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་བཅས་པ་ངོ་སྤྲོད་གནང་བ་དང་ཆབས་ཅིག ཨིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Rishi Sunak མཆོག་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ངེས་པར་དུ་བོད་ཀྱི་གནད་དོན་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ལས་འགུལ་ནང་ཁུལ་དེའི་ས་གནས་མང་ཚོགས་ཁག་ཅིག་གིས་མཉམ་ཞུགས་གནང་སྟེ་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་དང་དེ་བཞིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ TimLoughton ལགས་དང་ཚོགས་གཞོན་བཅས་རྣམ་གཉིས་མཉམ་ཞུགས་གནང་སྟེ་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

Sunday 16/06/2024

Saturday 15/06/2024

Friday 14/06/2024

གསར་གནས།