Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༣ ལོར་རྒྱ་གཞུང་གིས་བོད་མིའི་ཆོས་རིག་དང་སྐད་ཡིག་ཙམ་མ་ཟད་བོད་ཅེས་པའི་ཐ་སྙད་ནག་སུབ་གཏོང་ཐབས་བྱས་པར་མངོན་གསལ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བདུན་ཕྲག་རྗེས་མ་ནས་ཕྱི་ལོ་ ༢༠༢༤ ལོའི་ལོ་གསར་བཞད་ལ་རན་པ་དང་བསྟུན། ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་འཁོར་བསྐྱར་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བར་ད་ལོ་ཁོ་ནར་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་ཐབས་བྱས་པ་མ་ཚད་པར་བོད་ཅེས་པའི་ཐ་སྙད་ནག་སུབ་གཏོང་ཐབས་བྱས་ཡོད་པ་དེ་ལྟར་ཡང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་ལས་འགུལ་སྔར་ལྷག་སྤེལ་ཡོད་པར་མངོན་གསལ་གནང་འདུག

ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ Resisting Efforts to Erase Tibet ཞེས་པའི་སྙན་ཐོ་འདོན་ཞིག་སྤེལ་གནང་བའི་ནང་འདི་ལོར་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་སླར་ཡང་བོད་དེ་ཆེས་རང་དབང་ཞན་པའི་རྒྱལ་ཁབ་གྲས་སུ་མངོན་གསལ་གནང་བ་ལྟར་འདི་ལོ་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་བཟུང་ནས་ལོ ༡༠ འཁོར་བ་དང་བསྟུན། བོད་ནང་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭར་བཞག་པར་མ་ཟད་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་སུ་རྒྱ་ཡིག་དང་རྒྱ་སྐད་སློབ་ཁྲིད་བྱས་པའི་ཁར་འདི་ལོ་རྒྱ་ནག་གཞུང་གིས་བོད་ལ་ཨིན་སྐད་ཐོག་ Tibet ཞེས་པའི་ཚབ་དུ་ Xizang ཞེས་སྤྱོད་དེ་བོད་ཀྱི་མིང་ཡང་རྩ་མེད་བཟོ་ཐབས་སོགས་ཀྱི་སྲིད་བྱུས་ངན་པ་སྤེལ་ཡོད་པར་མངོན་གསལ་གནང་འདུག

བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ནས་ཐབས་བྱུས་འདྲ་མིན་ཐོག་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དེ་དག་ལ་ཆོད་སེམས་བརྟན་པོའི་སྒོ་ནས་གདོང་ལེན་གནང་བའི་ཁྲོད་འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་བོད་མཛོད་དགེ་ཁུལ་དུ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མཁན་བོད་མི་སྟོང་ཕྲག་མང་པོར་ཆོས་འབྲེལ་ཞུ་མི་ཆོག་པར་གྲོང་ཁྱེར་ནས་ཕྱིར་ལོག་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་དེ་ལྟར་ནའང་། བོད་མི་རྣམས་ཀྱིས་བཙན་བཀག་བཏང་བར་ལྟོས་མེད་དུས་འཁོར་དབང་ཆེན་ཞུས་ཡོད་པ་དང་། ད་བར་རྒྱ་གཞུང་ཉེན་རྟོག་པས་སྡིགས་ར་དང་འཛིན་བཟུང་བཙོན་འཇུག་བྱས་པར་ལྟོས་མེད་མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅུང་པོ་རྡོ་རྗེ་བཀྲིས་ལགས་གློད་བཀྲོལ་ཆེད་དུ་ལས་འགུལ་རིམ་པ་སྤེལ་བ། དེ་བཞིན་རྒྱ་གཞུང་གི་བཙོན་ཁང་ལས་གློད་བཀྲོལ་བཏང་བའི་རྗེས་སུའང་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ཆེད་དུ་ལས་འགུལ་མུ་མཐུད་སྤེལ་ཡོད་པ་སོགས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཁག་ལ་གདོང་ལེན་སྔར་ལྷག་གནང་ཡོད་པར་གསུངས་འདུག

བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཆེད་ཕེབས་ཐོག་ཨ་རིའི་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ཡུལ་དེའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདོན་སྤེལ་གནང་བར་མ་ཟད། འདི་ལོའི་ཕྱི་ཟླ་བརྒྱད་པ་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནད་དོན་དང་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཨ་རིར་བསྐྱོད་རྒྱུར་མཐོང་མཆན་བཀག་སྡོམ་གྱི་སྲིད་དོན་ཉེས་ཆད་བཏང་བ། དེ་བཞིན་ཁོང་གིས་འདི་ལོར་རྒྱ་ནག་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པར་ཐུགས་འཚབ་དང་སྦྲགས་ཏེ་སྙན་ཐོ་ཞིག་ཡོངས་གྲགས་གནང་ཡོད་སྐོར་དང་། ཕྱི་ཟླ་༡༡ ནང་ཞི་ཅིན་ཕིང་ཨ་རིར་སླེབས་སྐབས་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཁོང་དང་ལྷན་དུ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་བ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་སོགས་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་མུས་ཡིན་པར་མངོན་གསལ་གནང་འདུག

ཕྱོགས་མཚུངས་ཕྱི་ལོ་ ༢༠༢༤ མགོ་སྟོད་དུ་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་འཚོགས་ལ་ཉེ་བ་དང་བསྟུན། འདི་ལོའི་ཕྱི་ཟླ་གཉིས་པ་ནང་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་གསུམ་གྱིས་རྒྱ་ནག་གཞུང་ལ་བོད་ནང་གི་གཏན་སློབ་ཀྱི་སྲིད་བྱུས་ལ་བློ་འཚབ་དང་འབྲེལ་རྒྱ་ནག་གཞུང་ལ་དེ་དག་འཕྲལ་མར་མཚམས་འཇོག་དགོས་སྐོར་གསུངས་ཡོད་པར་མ་ཟད། འཇར་མི་ནི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། ཁེ་ན་ཌ། དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་བཅས་ཀྱི་ནང་བོད་ནང་གི་གཏན་སློབ་ཀྱི་སྲིད་བྱུས་སྐོར་གླེང་སློང་གནང་བ། གཞན་ཡང་འདི་ལོའི་ G7 ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་སྐོར་བསྒྲགས་གཏམ་སྤེལ་བ་སོགས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་ཀྱང་རྒྱ་ནག་ལ་གདོང་ལེན་གྱི་རྣམ་འགྱུར་ཆེད་བཏོན་གནང་ཡོད་པ་སོགས་མངོན་གསལ་དང་སྦྲགས། འདས་པའི་ཕྱི་ལོ་ ༢༠༢༤ འདི་བཞིན་བོད་མིའི་ཞི་བའི་སྒེར་ལངས་གནང་ནས་ལོ་ ༦༥ འཁོར་བའི་ལོ་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ཨ་རི་ནང་བོད་རྒྱའི་དཀའ་རྙོག་སེསལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་དང་རྒྱལ་ཚོགས་ནང་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐོར་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་རྒྱ་ནག་ལ་འགན་འཁུར་ལྡན་པ་བཟོ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྨན་པའི་ལས་འགུལ་རྒྱུན་སྐྱོང་གནང་རྒྱུ་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།