Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་གཞུང་མང་གཉིས་ཀྱིས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་འཚམས་འདྲི་ཞུས་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེའང་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་ད་བར་མི་ལོ་ ༧༠ ཧྲིལ་པོ་འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིDSC_0007ད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་སོང་།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློམ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་གནང་ཡོད་པ་དང། མཛད་སྒོ་དེའི་ཐོག་སྲིད་ཚབ་ཆོས་རིག་བཀའ་བློམ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༠ འཁོར་བའི་དུས་ཆེན་ཁྱད་པར་བ་དེའི་སྐབས་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུctaའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་པ་དང་སྦྲགས། རྒྱ་གར་དབུས་གཞུང་དང་རྒྱ་གར་རྒྱལ་ཡོངས་མི་མང་། ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་བཅས་ཀྱིས་འདས་པའི་ལོ་ ༦༠ ནང་ང་ཚོ་བོད་མི་རྣམས་ལ་བཀྲིན་ཆེ་པོ་ཆགས་ཡོད་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆུ་ཞུས་ཡོད་པ་མ་ཟད། ལྷག་དོན་རྒྱ་གར་གྱི་རྒྱལ་ཁམས་ཆེན་པོ་འདི་འབྱུང་འགྱུར་ལོ་གཅིག་ནང་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་ ཆར་ཆུ་དུས་སུ་བབ་པ་ ལོ་ཕྱུགས་རྟག་ཏུ་ལེགས་པ། དེ་ བཞིན་མི་མང་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཅིང་། སྲིད་གཞུང་མངའ་ཐང་དང་ལྡན་པ་ཡོང་བའི་རེ་སྨོན་ཡོད་པ་སོགས་གསུངས་སོང་།

དེ་བས་ཀྱང་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསར་འགོད་པས་བཅར་འདྲི་ཞུས་པར་བཀའ་ལན་གནང་དོན། རྒྱ་གར་སྟོབས་ཆེན་གྱི་རྒྱལ་ཁབ་འདི་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པ་དེ་བོད་དང་ཐུན་མིན་གྱི་འབྲེལ་བ་ཞིག་ཆགས་ཡོད་པ་མ་ཟད། རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་དེའང་རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་མཆོག་གིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་ལྟར། ང་རང་ཚོས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྲིང་པའི་ཐོག་ནས་རང་ཉིད་དབུ་ཁྲིད་ཀྱི་བཀའ་དགོངས་དག་ལ་བརྩིས་ཏེ་དང་ལེན་ཞུ་ཚེ། གཏན་གཏན་བོད་མི་ཚོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་རང་དབང་གི་ཉི་མ་དེ་མགྱོགས་མྱུར་འཆར་ངེས་རེད་ཅེས་གསུངས་ཡོད་པ་རེད།

སྔ་ཐོག་མཛད་སྒོ་གྲུབ་བསྟུན། རྡ་ས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་གནད་ཞུ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་རྡ་ས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ཀྱི་ཐང་ཆེན་དུ་རྒྱ་གར་གྱི་གཞུང་འབྲེལ་མཛད་སྒོར་ལྷན་ཞུགས་ཀྱིས་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་ཡང་གནང་ཡོད་པ་རེད།

དེ་མཚུངས་རྡ་ས་ས་གནས་བདེན་དོན་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་རྡ་ས་ས་གནས་མང་ཚོགས་ཚོར་མངར་ཟས་འགོད་འགྲེམས་ཀྱིས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་དགའ་བསུའི་སྲུང་བརྩི་ཞུས་པ་མ་ཟད། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་མཆོག་གིས་རྒྱ་གར་དང་བོད་གཉིས་དབར་ཡུན་རིང་ལོ་རྒྱུས་ལྡན་པའི་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད་པས་ང་ཚོ་ས་གནས་བོད་མི་ཚོས་ཉིན་མོ་འདི་གལ་ཆེར་ངོས་འཛིན་གྱིས་སྲུང་བརྩི་ཞུ་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།