Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་བ།

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

ཁ་སང་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ཡ་ནའི་ King Palace ཞེས་པའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་དབུས་པའི་རྒྱ་གར་ཚོང་པ་ཚོགས་པའི་ཚོགས་གཙོ་ཁག་ཅིག  དེ་བཞིན་བཙན་བྱོལ་དུ་རྒྱ་གར་གྱི་ས་ཁུལ་ཁག་ ༡༧༠ ཙམ་ནང་བོད་མི་སུད་ཚོང་གཉེར་མཁན་གྱི་འཐུས་མི་གྲངས་ ༢༠༠ ལྷག་ཙམ་ནས་མཉམ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་འདུག

Tibetan trader’s association

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེའི་ཐོག་ཚོང་པའི་ལྷན་ཚོགས་ཀྱི་རྩིས་ཁྲ་དང་ལས་བསྡོམས་ཞིབ་གཤེར་གནང་རྒྱུ་གཙོས་པའི་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་རྒྱ་གར་ཚོང་ཤག་དང་ལྷན་དུ་འབྲེལ་ལམ་དམ་གཟབ་གཏོང་རྒྱུ་སོགས་ཀྱི་གྲོས་གཞི་དོན་ཚན་བཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐོག་མར་རྒྱ་གར་ཚོང་པ་ཚོགས་པ་ཁག་གིས་བོད་མིའི་ཚོང་པ་རྣམས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་དཀའ་སྡུག་མང་པོ་མྱངས་ཡོད་པ་དང་། སྐབས་བབ་བོད་མི་རྣམས་ཚགས་ཚུད་ངང་གནས་ཐུབ་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། བོད་མིའི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བུ་དང་། ལྷག་པར་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡིན་པ་གསུངས་འདུག

Tibetan trader’s association

སྲིད་སྐྱོང་མཆོག་གིས་ད་དུང་ཚོང་པ་རྣམས་ལ་འབྱུང་བ་སོགས་ཀྱི་གོད་ཆགས་བྱུང་སྐབས་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ངལ་སེལ་རག་ཐབས་འབད་དགོས་གལ་དང་། རྒྱ་གར་གི་ཁྲིམས་སྒྲིག་ལྟར་ GST ཞེས་དངོས་སོགས་ཞབས་ཞུ་རྣམས་ཆེད་ལུས་མེད་པར་འབུལ་ཐབས་གནང་དགོས་པ། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ངོས་ནས་ཀྱང་བོད་མིའི་ཚོང་པ་རྣམས་ཀྱི་དཀའ་སྡུག་སེལ་ཆེད་སྒྲིག་གཞི་བཟོ་རྒྱུ་ཙམ་མ་ཟད། ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ནུས་པ་མཉམ་སྤུངས་ཀྱི་ཕྱག་ལས་གནང་དགོས་གལ། དེ་བཞིན་བོད་མིའི་ཚོང་ལས་རྒྱུན་གནས་ཐུབ་པར་འཕྲལ་སེལ་གྱི་ཁེ་ཕན་ལ་མ་བལྟས་པར་ཕུགས་རྒྱང་རིང་པོའི་བསམ་བློ་དགོས་གལ་ཡིན་པ་གསུངས་འདུག

Tibetan trader’s association

འབྲེལ་ཡོད་གསར་གནས།

གསར་གནས།