Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་འགྱིང་འགྲོས་བརྒྱུད་བོད་རང་བཙན་ཉིན་མོ་ཞེས་སྲུང་བརྩི་ཞུས་པ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་བཞུགས་སྒར་དུ་བོད་ཆས་ལེགས་པར་སྤྲས་ཏེ་འགྱིང་འགྲོས་གནང་སྟེ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་དེ་ལོ་ངོ་ ༡༡༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་།དེའང་དེ་སྔ་ཕྱི་ལོ་ ༡༩༡༣ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོར་ངོས་འཛིན་གནང་གི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་པའི་གཞོན་སྐྱེས་ལྔ་བཅུ་སྐོར་ཞིག་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་སྤྲས་པ་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད། དེ་བཞིན་བོད་དང་རྒྱ་ནག་དབར་གྱི་ཆིངས་ཡིག་གི་དོན་ཚན་སོགས་འཁོད་པའི་འཕྲེད་དར་བསྣམས་ཏེ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་གསར་པའི་མདུན་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་རླངས་འཁོར་བབས་ཚུགས་བར་འགྱིང་འགྲོས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་སོང་།རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཐེངས་འདིའི་ལས་འགུལ་ བརྒྱུད་ནས་གཙོ་བོ་བོད་རིགས་མང་ཚོགས་རྣམས་ལ་དེ་རིང་གི་ཉིན་མོའི་གལ་གནད་བཅས་པ་ངོ་སྤྲོད་གནང་བ་དང་། ལྷག་དོན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་རྒྱལ་རབས་ལོ་རྒྱུས་ཁག་འཁྱོག་བཤད་དྲིལ་བསྒྲགས་སྣ་མང་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་སོང་། ལས་འགུལ་བ་རྣམས་ཀྱིས་གཙོས་པའི་ས་གནས་བོད་མི་རྣམས་ཀྱིས་གཙུག་ལག་ལག་ཁང་ཉེ་འདབས་སུ་ཆགས་པའི་རླངས་འཁོར་བབ་ཚུགས་སུ་ལྷན་འཛོམས་ཐོག་བསང་གསོལ་བཏང་བ་དང་བོད་ཀྱི་ཐུན་མིན་སྒོར་གཞས་གཟིགས་འབུལ་སོགས་གནང་སོང་།རྩ་བའི་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པོ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཉིན་ནས་དབུ་འཛུགས་གནང་བ་ཞིག་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།