Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་གཞུང་གིས་རྒྱ་ནག་གི་ TikTok མཉེན་ཆས་བཀག་སྡོམ་ཀྱི་བཀའ་རྒྱ་ཕྱིར་བསྡུ་བྱས་པ།

Tibetan News Headlines

  • Dalai Lama gives teachings to devotees from Southeast Asia
  • Tibetan MPs grill Kashag on Home report: Sikyong pledges support for unemployed youth
  • China launches a new propaganda center in Lhasa to reshape international public opinion on Tibet
  • Delhi hosts 2nd international Buddhist conclave on mindful communication and sustainable development
  • New US administration congressionally mandated to work towards settlement of Tibetan issue: Tibet rights group

རེས་གཟའ་ཕུར་བུ། ༢༠༢༤།༠༩།༡༢

  • ༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་རྣམས་ལ་བདེན་པ་བཞིའི་བཀའ་ཆོས་སྩལ་བ།
  • རིག་རྩལ་ཅི་ཞིག་སྦྱང་འདོད་པ་གོ་སྐབས་མ་ཐོབ་མཁན་ན་གཞོན་ལས་མེད་ལ་བཀའ་ཤག་གི་གཟིགས་རྟོགས་གནང་རྒྱུའི་ཁས་ལེན་ཡིན་ཞེས་གསུངས་སོང་།
  • རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་དོན་ནུས་ལྡན་བཟོ་རྒྱུར་དམིགས་པའི་ལྟེ་གནས་གསར་འཛུགས།
  • བོད་ཀྱི་གནད་དོན་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་བར་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
  • རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་ནང་པའི་བརྒྱུད་ལམ་ལྷན་ཚོགས་ཐེངས་གཉིས་པ་བསྐོང་ཚོགས།

བལ་ཡུལ་གྱི་ K.P Sharma Oli གཞུང་འཛིན་གསར་པས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་ཁྲོད། དེ་སྔའི་སྲིད་བློན་གྱིས་རྒྱ་ནག་གི་ TikTok མཉེན་ཆས་ཐོག་བཀག་སྡོམ་གྱི་བཀའ་རྒྱ་བཏང་བ་དེ་ཕྱིར་བསྡུ་བྱས་འདུག

Tik Tok ban lifted

དེ་ཡང་དེ་རིང་ཨ་རིའི་ New York Times གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔའི་བལ་ཡུལ་གཞུང་འཛིན་གྱིས་སྔ་ལོའི་ཕྱི་ཟླ་ ༡༡ ནང་དུ་རྒྱ་ནག་གི་ ByteDance ཚོང་ལས་ཁང་གི་བཟོ་བསྐྲུན་བྱས་པའི་ TikTok སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་དེས། བལ་ཡུལ་ནང་དུ་ Hate Speech འམ་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་ཞེ་སྡང་གི་གཏམ་བཤད་ལ་དོགས་ཟོན་བྱེད་རྒྱུའི་ཁས་ལེན་མ་བྱས་པའི་རྐྱེན་གྱིས། བལ་ཡུལ་ནང་དུ་མཉེན་ཆས་དེ་བེད་སྤྱོད་བཏང་རྒྱུར་བཀག་སྡོམ་བྱས་ཡོད་པ་དེ། ད་ཆ་ KP Sharma Oli གྱི་གཞུང་འཛིན་གསར་པས་ཕྱིར་བསྡུ་བྱས་པ་དང་འབྲེལ། བལ་པོའི་གཞུང་འཛིན་གསར་པ་དེའི་ལས་ཡུན་ཁྲོད་རྒྱ་ནག་ལ་བསྟུན་མཁས་ཤུགས་ཆེ་བྱེད་རྒྱུའི་རྣམ་པ་སྟོན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་གསར་དུ་གཞུང་འཛིན་དུ་སླེབས་པའི་བལ་ཡུལ་གཞུང་འཛིན་གསར་པའི་མགྲིན་ཚབ་པ་ Prithvi Subba Gurung གིས་ TikTok མཉེན་ཆས་བཀག་སྡོམ་གྱི་བཀོད་ཁྱབ་ཕྱིར་བསྡུ་བྱས་པའི་སྐོར་དང་འབྲེལ། མཉེན་ཆས་དེར་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གོང་འཕེལ་གཏོང་རྒྱུར་རམ་འདེགས་ཞུ་དགོས་པ་དང་། འབྲེལ་བ་བྱེད་སའི་ཁ་བྱང་གསལ་བཏོན་དགོས་པ། དེ་བཞིན་བལ་ཡུལ་གྱི་དྲ་རྒྱའི་བདེ་འཇགས་དང་དྲ་རྒྱའི་ཤེས་ཡོན་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ། དེ་བཞིན་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་ཞེ་སྡང་གི་གཏམ་བཤད་ལ་ཚོད་འཛིན་བྱ་རྒྱུ་སོགས་ཀྱི་ཆ་རྐྱེན་གསར་པ་བཞག་ཡོད་པ་བརྗོད་འདུག

K P Sharma Oli
K P Sharma Oli

དེ་དོན་ཁ་སང་ TikTok མཉེན་ཆས་ཚོང་ལས་ཁང་གི་མགྲིན་ཚབ་པས་ཡིད་ཚིམ་པོ་བྱུང་བའི་རྣམ་འགྱུར་དང་འབྲེལ། ཚོང་ལས་འདིའི་ངོས་ནས་བལ་ཡུལ་མང་ཚོགས་ཀྱིས་འབོད་སྒྲ་དང་གསར་གཏོད་ཀྱི་ནུས་པ་མུ་མཐུད་གོང་འཕེལ་གཏོང་ཐུབ་པར་དགའ་ཚོར་ཆེན་པོ་ཡོད་ཅེས་བརྗོད་འདུག

ད་རེས་ Oli གཞུང་འཛིན་གསར་པའི་ཐག་གཅོད་དེས། རྒྱ་དཀར་ནག་གཉིས་དབར་ཆབ་སྲིད་དང་ས་ཁམས་ཀྱི་རྩོད་རྙོག་ཁྲོད་བལ་ཡུལ་དེ་བཞིན་རྒྱ་ནག་གི་ཕྱོགས་ལ་འགྲོ་རྒྱུའི་འདམ་ག་མངོན་གསལ་བྱས་ཡོད་པ་གསུངས་མཁན་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཆེས་སྡུག་པོ་ཆགས་པ་དང་འབྲེལ། རྒྱ་གར་གཞུང་གི་ངོས་ནས་ TikTok གཙོས་པའི་རྒྱ་ནག་གི་མཉེན་ཆས་མང་དག་ཅིག་རྒྱ་གར་ནང་བེད་སྤྱོད་གཏང་འགྱུར་བཀག་སྡོམ་བྱས་ཡོད་པ་རེད།

ད་ལྟ་རང་ལོ་ ༧༣ ཡིན་པའི་བལ་ཡུལ་དམར་ཤོག་ཚོགས་པའི་འགོ་ཁྲིད་ KP Sharma Oli ཁོང་དེ་སྔ་ ༢༠༡༥ དང་ ༢༠༡༧ རྗེས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་དུ་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་མཉམ་མཐུན་གྱི་འགོ་ཁྲིད་ཐོག་ནས་བསྐྱར་དུ་གཞུང་འཛིན་ནང་སླེབས་ཡོད་པ་དང་། ཁོ་པས་དེ་སྔ་རྒྱ་གར་གྱི་བལ་ཡུལ་ནང་དུ་ཤུགས་རྐྱེན་ལ་གདོང་ལེན་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་མྱོང་ཡོད་པ་མ་ཟད། ད་ལན་ཁོང་ཐེངས་བཞི་བལ་ཡུལ་གྱི་སྲིད་བློན་ཆགས་མ་ཐག་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཡག་རུ་གཏང་རྒྱུའི་ཤུགས་གནོན་ཆེན་པོ་རྒྱག་པའི་ཁྲོད། TikTok མཉེན་ཆས་བཀག་སྡོམ་མེད་པ་བཟོས་པ་མ་ཟད། ཁ་སང་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག བལ་ཡུལ་རྒྱལ་སའི་གཞུང་ལམ་རྒྱ་སྐྱེད་ཀྱི་ལས་གཞི་གཙོས་པའི་རྒྱ་ནག་དང་ལྷན་དུ་འཛུགས་བསྐྲུན་གྱི་ལས་གཞི་མང་དག་ཅིག་གི་ཐོག་ལ་མཉམ་ལས་ཀྱི་གྲོས་མཐུན་འཇོག་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།