བུད་མེད་སྒེར་ལངས་ཀྱི་ཉིན་མོ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པར་གསུངས་སོང་།

Tibetan News Headlines

  • 43rd Sakya Trizin Gyana Vajra Rinpoche Confers Sakya Throne Seal Upon Successor Avikrita Vajra Rinpoche
  • Sikyong Calls on IPAC Lawmakers to Counter China’s Historical Misinformation and Uphold Tibet’s Rights
  • Thousands Gather in Thimphu as Gyalwang Karmapa Bestows Long-Life Empowerment
  • China’s Solar Expansion Reshapes Tibetan Plateau, Raising Concerns Over Ecological Impact
  • Estonian MPs Call on His Holiness the Dalai Lama, Express Solidarity with Tibetans
  • China Records 948 Protests in Third Quarter of 2026, with Workers Leading 44 Percent of Demonstrations, CDM Reports
  • Taiwan and Tibet Could Become Flashpoints Following US Democratic Sweep, China Experts Say
  • Thailand Says China Wants Five Detained Uyghurs Arrested

ཪེས་གཟའ་པ་སངས། ༢༠༢༦།༡༡།༠༦

  • དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པས་ཁྲི་འཛིན་ ༤༤ པར་ཕྱག་ཐམ་སྩལ་བ།
  • སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
  • དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག
  • འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་རྐྱེན་གྱིས་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་ཉེན་བརྡ།
  • ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
  • ས་ཆའི་རྩོད་གཞི་དང་གླ་ཆ་མ་སྤྲད་པའི་རྐྱེན་གྱིས་རྒྱ་ནག་ནང་འདས་པའི་ཟླ་བ་གསུམ་རིང་ངོ་རྒོལ་ ༩༤༨ ཙམ་བྱུང་ཡོད་པ་མངོན་གསལ།
  • ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས་རྗེས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་ཐད་དོ་སྣང་ཤུགས་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་གནང་བཞིན་འདུག
  • རྒྱ་གཞུང་གིས་ཐའེ་ལན་ཌིའི་ནང་བཀག་ཉར་བྱས་པའི་ཡུ་གུར་བ་ལྔ་ཕྱིར་སློག་དགོས་པ་བཤད་འདུག
དེ་རིང་གི་ཉིན་མོར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་སྟེང་དུ་བུད་མེད་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་གནང་སྟེ་མི་ལོ་ ༦༣ འཁོར་བའི་དུས་ཚིགས་ཡིན་སྟབས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུས་པའི་ཐོག་ནས་ཀ་ཅ་རི་བར་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་རླངས་འཁོར་འབབ་ཚུགས་སུ། མཛད་སྒོར་སྐུ་མགྲོན་གཙོ་བོ་རྡ་ས་ས་གནས་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་ Onkar Singh Nehria ལགས་གཙོས་རྡ་སའི་གཉུག་མར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བ་ཞིག་ལྷན་འཛོམས་གནང་སོང་། སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་སྒེར་ལངས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་དང་སྦྲགས་ཏེ་དེ་རིང་གི་ཉིན་མོ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེ་བའི་ཉིན་མོ་ཞིག་ཡིན་པ་དང་། དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བུད་མེད་ཙམ་མིན་པར་བོད་མི་ཡོངས་ནས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་སྟབས། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་ཐུགས་སྣང་མེད་པ་ཞིག་གཏན་ནས་གནང་མི་རུང་བ་ཡིན་པར་གསུངས་པདང་་ཆབས་ཅིག བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་གུས་བརྩི་དང་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ད་ཆ་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་སོང་། དེ་བཞིན་ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སླད་བོད་མི་ ༡༥༨ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དང་བོད་མི་རིགས་རྩ་མེད་བཟོ་ཆེད་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ། ལྷག་པར་བཙུན་དགོན་སྒོ་རྒྱག་པ་དང་བཙུན་མ་རྣམས་རང་དབང་མེད་པར་སྐྱ་ཕབ་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་གྱིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་གྲོས་ཚོགས་འཐུས་མི་རྣམ་པ། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ། བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་བཅས་ལ་རྒྱ་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཡོང་བར་གནོན་ཤུགས་སྤྲོད་གནང་བ་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པའི་ཐོག་གློད་བཀྲོལ་དགོས་པའི་རྒྱ་གཞུང་ལ་གནོན་ཤུགས་དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་དགོས་པའི་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་གྱི་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་སྐུ་ཞབས་ Onkar Singh Nehria ལགས་ཀྱིས་རང་ཉིད་དེ་རིང་བུད་མེད་སྒེར་ལངས་ཉིན་སྐུ་མགྲོན་དུ་མགྲོན་འབོད་གནང་བར་བསོད་ནམས་ཅན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་བྱེས་བཞུགས་བོད་ཀྱི་བུད་མེད་རྣམས་ནས་རང་དབང་ལུང་པའི་ནང་དུ་བོད་མིའི་འཐབ་རྩོད་ལ་མུ་མཐུད་ནས་རྩོད་ཀྱི་ཡོད་སྟབས། དེ་རིང་གི་དུས་ཚིགས་འདིར་ལོ་ལྟར་རྒྱ་གར་བ་ཚོས་ཀྱང་མཉམ་ཞུགས་གནང་དགོས་ལ། སྒོས་བོད་མིར་རང་དབང་ཐོབ་ཕྱིར་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞེས་གསུངས་པ་དང་ཆབས་ཅིག བོད་ལ་ཉིན་གཅིག་རང་དབང་ཐོབ་རྒྱུ་ཡིན་པ་དང་ང་ཚོ་ནམ་ཡང་བོད་མི་མཉམ་དུ་ཡོད་ཅེས་གསུངས་སོང་། འདི་གས་གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་བོད་ནང་གནས་བཞུགས་བུད་མེད་ཚོར་བརྡ་ལན་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་རིང་བུད་མེད་སྒེར་ལངས་ཐེངས་ ༦༣ ཡིན་པ་དང་བསྟུན་བོད་ཀྱི་དཔའ་མོ་ཚོས་ཕུགས་བསམ་གྱི་དགོངས་གཞིའི་བསྒྲུབ་རྒྱུར་ང་ཚོའི་ལས་འགན་ཡིན་པའི་ཆ་ནས་ང་ཚོའི་ངོས་ནས་བོད་མིའི་འཐབ་རྩོད་ལ་སེམས་ཤུགས་ཆག་མེད་པ་དང་བོད་དོན་ཆེད་ནུས་པ་སྤུངས་ངེས་ཡིན་གཞིས་བཞུགས་བུད་མེད་ཚོ་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་མོར་ཆོལ་གསུམ་བུད་མེད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་དཔའ་མོ་ཀུན་བཟང་ལགས་གཙོས་བུད་མེད་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་རྒྱ་གཞུང་གིས་དྲག་པོའི་དབང་བསྒྱུར་ལ་ཞི་རྒོལ་གནང་ཡོད་པ་དང་སྐབས་དེར་ལས་འགུལ་ནང་བུད་མེད་བརྒྱ་ཕྲག་ལྷག་གིས་སྐུ་སྲོག་ཤོར་ཡོད་པ་རེད། བུད་མེད་སྒེར་ལངས་ཀྱི་དུས་ཚིགས་འདིར་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་བཞུགས་བོད་མི་རྣམས་ནས་ལས་འགུལ་གྱི་རྣམ་པ་འདྲ་མིན་སྤེལ་བའི་ཐོག་ནས་ཉིན་མོ་དེ་དྲན་གསོ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།